གངས་དཀར་པོའི་རྩེ་མོ་གནམ་ལ་སྙེག །
ནགས་ལྗོན་པའི་གཡུ་ལོ་ཚལ་དུ་མངའ། །
བྱ་འདབ་ཆགས་ངང་གིས་འཁོར་ས་སྟེ། །
སྤང་མེ་ཏོག་སྟོང་གིས་རྒྱན་པ་ཡི། །
གནས་དེ་རུ་ཁྱབ་བདག་བླ་མ་བཞུགས། །
རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །
ཐུགས་དགོངས་པ་གཅིག་ཏུ་འདུས་པ་སྟེ། །
ཆོས་མདོ་སྔགས་ཀུན་ལ་བྱང་ཆུབ་པའི། །
མགོན་དྲིན་ལྡན་བླ་མ་ཁྱབ་བདག་པ། །
དེང་དུས་ཀྱི་ཀུན་མཁྱེན་གཉིས་པ་ཡིན། །
ཡར་ལྟོས་དང་གངས་ཀྱི་ཉེ་འདབས་ན། །
དགུང་ཆུ་འཛིན་དལ་བུར་སྐྱོད་པ་དང་། །
ཆུ་དྭངས་མོ་ལྷུང་ལྷུང་བཞུར་བ་ཡི། །
འཛད་མེད་ཀྱི་དངོས་གྲུབ་འཇོ་ས་དེར། །
རྗེ་བླ་མའི་འགྲོ་དོན་སྤེལ་ས་ཡིན། །
ལམ་ས་བཅུ་བགྲོད་པའི་ཁྱུང་ཆེན་ཞིག །
བློ་རིག་པའི་གཤོག་ཟུང་མཁའ་ལ་བརྐྱངས། །
ནང་རྟོགས་པའི་མེ་ཆེན་རྩལ་གྱིས་སྦར། །
ཆོས་ཀ་དག་རྒྱབ་ཀྱིས་ཕྱོགས་པ་ཡི། །
ལས་མ་དག་སེམས་ཅན་ཞི་བས་འདུལ། །
སྐུ་གཟི་བྱིན་འོད་དུ་འཚེར་བ་དང་། །
གསུང་གསེར་ནག་སྟོང་གསུམ་ཁྱབ་པ་ཡིས། །
ཐུགས་ཡང་མོའི་ཀ་དག་སྒྲིབ་མེད་མཁྱེན། །
མ་རིགས་དྲུག་བྱམས་བརྩེའི་རྟག་ཁྱབ་པའི། །
རྗེ་སངས་རྒྱས་སྐུ་དངོས་ཁྱབ་བདག་པ། །
བློ་རིག་པའི་མེ་ལྕེ་དགུང་དུ་མཆེད། །
གཞུང་ཕལ་མོ་བསམ་བློའི་ཞིབ་བརྡར་བྱས། །
དོན་ཡང་དག་ཁྱོད་འདྲ་དཀོན་ཚོད་ཀྱི། །
ཆོས་མདོ་རྒྱུད་འཆད་ལ་ཀློང་ཆེན་རྡོལ། །
གཏམ་སྨྲ་ལྕེའི་སྒོ་ལ་ལྗགས་མདུད་གྲོལ། །
བཀའ་མདོ་རྒྱུད་ཅིག་ཏུ་དྲིལ་བ་ཡི། །
ནང་དུག་ལྔའི་རྟོགས་ཚོགས་གཞོམ་བྱེད་དེ། །
ཡངས་ཟབ་ཅིང་རླིངས་བའི་རྟེན་འབྱུང་གི །
གནད་རྗེན་པར་གཟིགས་པའི་ཁྱབ་བདག་པ། །
དུས་བསྐལ་བའི་ཁུད་ཀྱི་སངས་རྒྱས་ཡིན།
༢༠༢༤\\༣\༢༢\ ཉིན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།