སྐྱེས་པ་ནི
འཆི་བའི་སྒོ་མོ་རྡུང་བའི་ཉིན་མོ་སྟེ
ཆགས་སྡང་གི་ས་བོན་བྲུག་པའི་ཉི་མ་འོ
ཡང་ན་འཁོར་བ་རྙེད་པའི་ཟིན་ཐོ་དང
དུས་བཞི་འགྲིམ་པའི་མགྲོན་པོ
རི་སིལ་གྱི་ཅང་བརྡའོ
སྐྱེས་པ་ནི
ཆུ་བོ་བཞུར་བ
མེ་ཏོག་བཞད་པ
འཇའ་ཚོན་བཀྲ་བའི་དཔེ་རུ་མི་འགྲོ
དེ་ནི་རྒྱང་རིང་བསམ་པས་ཡིན
བརྩེ་དུང་ཤེས་པས་ཡིན
འདུ་ཤེས་ཡོད་པས་ཡིན
སྐྱེས་པ་ནི འཆི་བའི་སྐར་མ་རྩེག་པ་ཡིན
འཆི་བ་ནི་དོན་གྱི་གནས་ལུགས་ཡིན
གནས་ལུགས་མ་རྙེད་པས
ཕུགས་སུ་ལག་པ་རྐྱོངས
ཡུན་གྱིས་ལྟོས
མིག་གིས་རེག
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།