མདོ་ཁམས་རྫོགས་ཆེན་དགོན་ཡུལ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྡོང་འཛུགས་ནགས་བསྐྲུན་བྱས།
དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས། དཔག་བསམ་ཤིང་ལ་བརྟེན་བྱས་ན། །དགོས་འདོད་ཐམས་ཅད་ཆར་དུ་བསྙིལ། །དེ་བཞིན་བཤེས་གཉེན་དམ་པ་ལ། །བརྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ། །ཅེས་གསུང་བ་ལྟར། ལོ་མང་རིང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ཉི་མ་མཆོག་གི་དབུ་ཁྲིད་འོག། དགོན་ཡུལ་གྱི་གྲྭ་མང་དང་ལྷ་སྡེ་ཡོངས་ནས་རྩ་ཆེན་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་ཕྱི་ནང་གི་སྣོད་བཅུད་ཉམས་གསོ་སྲུང་སྐྱོབ་ལ་ཆེད་བསྐུལ་གྱིས། དམངས་སྒོར་ཁྲི་བརྒྱ་ཕྲག་མང་པོས་འགྲོ་གྲོན་བཏང་ནས་སྔར་རྗེས་སུ་ཁོར་སྲུང་གི་བྱ་འགུལ་རིམ་པར་གནང་།
རིན་པོ་ཆེ་མཆོག་གིས་མཐོ་སྒང་བོད་ཀྱི་དགོན་སྡེ་ཡོངས་ཀྱིས་སྐྱེ་ཁམས་ཉམས་གསོ་སྲུང་སྐྱོབ་ཆེད་ཤིང་འཛུགས་ནགས་བསྐྲུན་མཛད་དགོས་པའི་རེ་བསྐུལ་མཛད་པ་དང་སྐྱེད་ཚལ་སྲུང་སྐྱོབ་དང་སྡོང་འཛུགས་ཁོོར་སྲུང་གི་འདུ་ཤེས་འདི་ཉིད་འུ་ཅག་གི་ད་ལྟའི་འགན་ཁུར་ཙམ་མ་ཡིན་པར་མི་རབས་རྗེས་མ་དག་ལའང་ཅིས་ཀྱང་འདུ་ཤེས་དང་སྣོད་བཅུད་ལ་བརྩི་མཐོང་དགོས་པའི་བག་ཆགས་བཟང་པོ་འཇོག་ཐུབ་དགོས་པ་སོགས་དམིགས་རྒྱང་རིང་བའི་བཀའ་སློབ་ལམ་སྟོན་གནང་འདུག
ཐེངས་འདིའི་༢༠༢༡ ལོའི་སྡོང་འཛུགས་ནགས་བསྐྲུན་གྱི་ཡུལ་ངོས་སུ་ཤྲཱི་སེང་འདུས་མང་དང་རྫོགས་ཆེན་དགོན་གཞུང་། སྒྲུབ་སྡེ་བ། ཡུལ་མི་རྒན་གཞོན་བཅས་མཉམ་ཞུགས་ཀྱིས་རུ་དམ་ལུང་གི་སྟོད་སྨད་བར་གསུམ་དུ་སྡོང་པོ་བཙུགས་པ་དང་ལྗོན་གསར་འཁྲུངས་པར་རྟེན་འབྲེལ་འཛུམ་གྱིས་བསུས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།