རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་སློབ་ཏུ་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་ཐེངས་དང་པོ་སྤེལ་བ།

ཕྱི་ལོ་2019ལོའི་བོད་ཟླ་6པའི་ཚེས་4ཉིན་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་སློབ་ཏུ་རྒྱལ་སྤྱིའི་ནང་བསྟན་རིག་གཞུང་བགྲོ་གླེང་ཐེངས་དང་པོ་དབུ་ཚུགས་པ་དང་ཐེངས་འདིར་ནང་ཆོས་དར་བའི་རྒྱབ་ཁབ་བཅུ་ཕྲག་ལྷག་མཉམ་ཞུགས་མཛད་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སེངྒ་ལ་རི་བོ་མཱ་ལ་ཡ་གནམ་ལྕགས་འབར་བའི་དགོན་བདག་གནས་བརྟན་ཆེན་མོ་དྷརྨ་དྷི་ནཱ་དང་། རྒྱལ་ཁབ་ཀྱི་དབུ་བླ་ཤཱནྟི་མ། གནས་བརྟན་དྷརྨ་ལོ་ཀ་སྐུ་འཁོར་ཤྲཱི་སེང་ན་ལེནྡྲ་མཐོ་སློབ་ཏུ་ཕེབས་ནས་རྒྱལ་སྤྱིའི་ནང་བསྟན་རིག་གཞུང་ལ་བགྲོ་གླེང་བྱས་ཡོད་པ་རེད།   ཚོགས་འདུའི་གཙོ་སྐྱོང་རྫོགས་ཆེན་རིན་པོ་ཆེ་དང་བསྟན་བདག་མཁན་ཆེན་ཁྲི་བ་སོགས་ཀྱིས་མཛད་རིམ་གནང་། 

WechatIMG1723.jpeg

ད་དུང་རྒྱལ་ཁབ་འགའི་ནང་བསྟན་སྐུ་ཚབ་པས་བགྲོ་གླེང་གཏམ་བཤད་དང་། གླུ་མ་གཡང་ཕྱུག་མཚོ།  རྒྱ་རིགས་དགེ་བསྙེན་སོགས་ཀྱིས་མཆོག་གསུམ་བསྟོད་གླུའི་ཆོས་དབྱངས་སྙན་མོའི་མཆོད་སྤྲིན་ཕུལ་ནས་མཇུག་གྲོལ།

WechatIMG1737.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།