༄༅།། ཐུགས་གསོའི་འཕྲིན་ཐུང་།

WechatIMG500.jpeg

མི་ཉག་གསེར་ཁ་སྤྲུལ་སྐུ་སྐལ་བཟང་དར་རྒྱས་ནི་ཤྲཱི་སེང་སྔ་རབས་པ། གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཡོངས་དང་། ཁྱད་པར་མཁན་ཆེན་ཨ་བུ་ལྷ་སྒང་སྤྱན་མ་སྒྲིབ་གོང་གདམས་ཁྲིད་མང་པོ་གསུངས་པའི་ཞལ་སློབ་ཡིན། ཁོང་ལ་ཀུན་བཟང་བླ་མའི་ཞལ་ལུང་དང་། ཀུན་མཁྱེན་རང་གྲོལ་སྐོར་གསུམ་གྱི་ཁྲིད་རྒྱུན་དཀོན་མོ་ཨ་བུ་ལྷ་སྒང་ནས་བརྒྱུད་པ་བཞུགས་པས་ངོས་ནས་ཐོབ་པའི་སྐལ་པ་བྱུང་། ཁར་སང་གློ་བུར་དུ་ཁོང་ཉིད་དྲན་ངོར་འཆར་བ་བྱུང་ཞིང་དེ་རིང་ཞི་བར་གཤེགས་པར་ཐོས། སྤྱིར་དགུང་ན་མཐོན་པོ་ཡིན་ཡང་ཡིད་ཕངས་པ་བྱུང་། དུས་ཀྱི་མཐར་གངས་རིའི་ཆོས་རིག་བརྒྱུད་འཛིན་དང་འགྲོ་བའི་མགོན་སྐྱབས་སུ་གཟིགས་པ་ཕུན་སུམ་ཚོགས་པ་དང་བཅས་ཡང་སྲིད་བསམ་བཞིན་འབྱོན་པར་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་བཅས། བསྟན་འཛིན་ལུང་རྟོགས་ཉི་མས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།