སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་འབའ་སེང་ཁྲིའི་ཆོས་གྲྭ་ཆེན་མོར་ཕེབས་པའི་མཛད་རྣམ།

ངེས་གསང་བསྟན་པ་རྒྱ་མཚོའི་གཙུག་རྒྱན་ཁྱབ་བདག་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་ཉིད་གྲུབ་དབང་རྫོགས་ཆེན་པའི་སློབ་བརྒྱུད་ངོ་མཚར་འཇའ་ལུས་གྲུབ་པའི་མཁན་ཆེན་ཚེ་དབང་རིག་འཛིན་མཆོག་གི་གདན་ས། ཡུལ་མདོ་སྨད་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོའི་གངས་ལྗོངས་མ་ཎིའི་ཆོས་ཚོགས་སུ་ཕེབས་ཏེ་དད་ལྡན་འབུམ་ཕྲག་དུ་མར་བདེ་ཆེན་ཞིང་ཁྲིད་ཞིང་དབང་དང་སངས་རྒྱས་སྟོང་དབང་ནས་སྨིན་གྲོལ་དམ་ཆོས་ཀྱི་བཀའ་སློབ་གནང་བ་དང་།  གཞན་ཡང་ལོ་འདིའི་དབྱར་ཆོས་སུ་རྟེན་རབ་བྱུང་དང་སྔགས་ཀྱི་སྡེའི་སློབ་ཚོགས་ཡོངས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་མན་ངག་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་སོགས་ཟབ་ཆོས་རྒྱས་གནང་མཛད་རྒྱུ་རེད་འདུག

1500707446945542.jpeg

ངོ་མཚར་རྨད་བྱུང་པདྨ་དྲ་བ་གསང་ཆེན་ལྷུན་གྲུབ་ཆོས་ཀྱི་ཞིང་།།


སྡེ་གསུམ་ཀློང་དགུའི་བསྟན་པའི་མཛོད་མངའ་དཔལ་ལྡན་ཡོན་ཏན་རིན་ཆེན་མཚོ།།


འཇའ་ལུས་མཁའ་སྤྱོད་གྲུབ་པའི་རྒྱལ་ས་མི་འགྱུར་བདེ་ཆེན་རྡོ་རྗེའི་རྫོང་།།


བསྟན་པ་མི་ནུབ་སྲིད་མཐར་རྒྱས་པའི་དགེ་མཚན་བྱེ་བས་རྟག་ཁྱབ་ཤོག།


          པདྨ་སྐལ་བཟང་དེས།


1500712870579741.jpeg


མཆོག་སྤྲུལ་དམ་པ་བསྟན་འཛིན་སྙན་གྲགས་རིན་པོ་ཆེ།

1500712607851100.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།