སྐལ་བཟང་ལེགས་བྱས་ཀྱི་མཆིན་ནད་སྔོན་འགོག་ཡོངས་སུ་ལེགས་འགྲུབ་བྱུང་བ།

WechatIMG327.jpeg

བདེ་ཐང་འཕྲོད་བསྟེན་གྱི་འདུ་ཤེས་དང་མཐུན་རྐྱེན་ཞན་པའི་འུ་ཅག་ས་མཐོའི་རོང་འབྲོག་གི་ཡུལ་ལུང་མི་ཉུང་བར་ཉེ་བའི་ལོ་འགའི་རིང་འཇིགས་རུང་མཆིན་ནད་ཀྱི་ཉེན་ཁ་ལ་འཕྲད་ཀྱིན་ཡོད་ལ།  རྒྱལ་ཁབ་རིམ་པའི་མཆིན་ནད་ཆེད་མཁས་པའི་དཔྱད་འབྲས་ལྟར་དཔེར་ན་ཁྱིམ་ཚང་ནང་གི་མི་གཅིག་ལ་ནད་ཐེབས་ཡོད་ན་དེར་འཚོ་འདྲིས་ཆེ་བའི་ཁྱིམ་མི་དང་བཅས་ལ་འགོས་ནད་ཐེབས་ངེས་པའི་རྒྱུ་རྐྱེན་དང་དངོས་བྱུང་ཡིན་པ་རེད།  

WechatIMG347.jpeg

ཐེངས་འདིའི་འཕྲོད་བསྟེན་སྡེ་ཁག་ལས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་ཡུལ་མིའི་ལུས་ལ་རང་སྟོབས་ཀྱི་འགོག་ནུས་ལྡན་པའི་མི་ནི་བརྒྱ་ཆའི་གཅིག་གཉིས་ཙམ་རེད་ལ་ཡུལ་མི་རྣམས་ལས་འགོག་ཁབ་དགོས་ས་ནི་བརྒྱ་ཆའི་གོ་དགུ་ཙམ་རེད་འདུག   རང་རེའི་ས་ཆ་ཕལ་མོ་ཆེར་མཆིན་ནད་ཐེབས་ཟིན་པའི་ནད་པ་ཞིག་ལ་མཚོན་ན་ནད་གཞི་བཅོས་དཀའ་བའི་མཚམས་སུ་མ་སླེབས་བར་ཤེས་རྟོགས་བྱེད་ཁག་པོ་ཡིན་པ་དང་། བརྒྱུད་རིམ་མང་པོ་ཞིག་སོང་མཐར་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་འགྲོ་གྲོན་གང་མཚམས་གཏོང་ཡང་མཐར་མི་རྒྱུ་གཅིས་ཀ་ཚར་འགྲོ་བའི་དངོས་མཐོང་གི་གནས་ཚུལ་བྱུང་གི་འདུག  

WechatIMG350.jpeg

དེའི་ཕྱིར་ཐེངས་འདིར་མཁྱེན་ལྡན་མ་ལྕམ་རིག་འཛིན་དབང་མོ་ལགས་ཀྱི་བྱམས་བརྩེ་དང་ཤེས་རབ་ལས་བྱུང་བའི་སྐལ་བཟང་ལེགས་བྱས་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་སྡེ་ཁག་དང་སྲིད་གཞུང་རིམ་པའི་ཆོག་མཆན་སོགས་དུས་ཡུན་རིང་པོར་མི་རྒྱུ་གཉིས་ཀས་དཀའ་ཚེགས་མང་པོར་བརྒྱུད་དེ་དམངས་ཕན་མཆིན་ཚད་ཁ་བའི་འགོག་ཁབ་ཚད་ལྡན་ 2020 ལོ་ནས་ཡུལ་མི་ཁྲི་སྟོང་ལ་དངོས་སུ་ལག་བསྟར་གནང་བ་རེད།  མཆིན་ཚད་ཁ་བའི་འགོག་ཁབ་དེ་ཐེངས་གསུམ་པོར་གོ་རིམ་དང་བརྒྱབ་ཟིན་པའི་མི་ཞིག་ལ་མཚོན་ན་དེའི་ཁྱིམ་ཚང་གི་བྱིས་པ་ནས་མི་རབས་དུ་མར་སྔོན་འགོག་གི་ནུས་པ་ལྡན་ཚུལ་བཤད་འདུག   སྤྱི་ལོ་ 2021 ཟླ་དང་པོར་འགོག་ཁབ་ཐེངས་པ་གསུམ་པའམ་རྗེས་མ་དེ་རྫོགས་ཆེན་གྲོང་བརྡལ་དང་གཞན་ཉེ་ཕྱོགས་ཀྱི་རྫ་རྒྱུད་བྱང་པ་ཁག་སོགས་སུ་དགུན་གྱི་འགྲིམ་འགྲུལ་སྟབས་བདེ་མིན་པས། ཚོགས་གཙོ་རིག་འཛིན་དབང་མོ་ཉིད་དང་པདྨའི་སྲི་ཞུ་ཚོགས་པའི་ཞབས་ཕྱི་ཚོགས་ཆུང་ཡུལ་ངོས་སུ་ཕེབས་ནས་མི་མང་ཁྲི་སྟོང་ལ་མཆིན་ནད་སྔོན་འགོག་གི་མཛད་བཟང་མཇུག་གྲུབ་ལེགས་གྲུབ་བྱུང་འདུག།

པདྨའི་སྲི་ཞུ་ཚོགས་པ།

1611492797923167.jpeg

སེམས་ཅན་ནད་པ་ཇི་སྙེད་པ། །

མྱུར་དུ་ནད་ལས་ཐར་གྱུར་ཅིག །

འགྲོ་བའི་ནད་རྣམས་མ་ལུས་པར། །

རྟག་ཏུ་འབྱུང་བ་མེད་པར་ཤོག །

WechatIMG359.jpegརྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།