ཁམས་རྫོགས་ཆེེན་དགོན་པས་ནད་ཡམས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ།

1516596049901574.jpg

མདོ་ཁམས་རྫོགས་ཆེན་དགོན་པས་ཐེངས་འདིའི་ནད་ཡམས་ཀྱི་གནོད་ཐེབས་ས་ཁུལ་ལ་༼  རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ལྡན༽ ཞེས་པའི་བརྗོད་དོན་སྙིང་པོར་བྱས་ཏེ་བསྟན་བདག་ཁྲི་བ་རིན་པོ་ཆེས་གཙོ་འདོན་གནངས་ཏེ། དགོན་པའི་མཁན་སྤྲུལ་གྲྭ་ཚང་གིས་རྒྱལ་ཁམས་ཕན་བདེ་ཡོང་བའི་སྐྱབས་འཇུག་སྨོན་ལམ་མཛད་པ་དང་རང་མོས་ཀྱི་ཞལ་འདེབས་སུ་དམངས་སྒོར་ཁྲི་སུམ་ཅུ་སོ་དྲུག་ཕུལ་བ་རེད། 

གནོད་ཐེབས་ས་ཁུལ་ལདམངས་སྒོར་ཁྲི་སུམ་ཅུ་སོ་དྲུག་དང་ཆོས་དང་ཟང་ཟིང་གི་ཞལ་འདེབས་ཕུལ།


一方有难、八方支援。今日佐钦寺全体僧众以“疫情无情、人有情”主题、自愿向新型冠壮病毒感染的肺炎疫情防控捐款共计三十六万元。为武汉加油、道孚加油!祈愿疾病息除!国泰民安!

སེམས་ཅན་ནད་པ་ཇི་སྙེད་པ། །

མྱུར་དུ་ནད་ལས་ཐར་གྱུར་ཅིག །

འགྲོ་བའི་ནད་ནི་མ་ལུས་པ། །

རྟག་ཏུ་འབྱུང་བ་མེད་པར་ཤོག །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།