ལོ་གསར་དགྱེས་འཛོམས་ཀྱི་བཀའ་དབང་པདྨ་ཅན་དུ་གནང་བ།

དེ་རིང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་ལོའི་ལོ་སར་ཚེས་ལྔའི་ཉིན་ཡུལ་པདྨ་ཅན་གྱི་གྲོང་ཁྱེར་དུ། གསང་ཆེན་བསྟན་པ་རྒྱ་མཚོའི་གཙུག་ནོར་ཁྱབ་བདག་༧རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེས་སེར་སྐྱ་དད་ལྡན་འདུས་པ་མང་ཚོགས་ལ། གནམ་ལོ་གསར་པའི་ནང་ལོ་ལྟར་ལུགས་ལེགས་དགྱེས་འཛོམས་ཀྱི་ཐུགས་སྨོན་རྟེན་འབྲེལ་དུ་ཟབ་ཆོས་ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་རིག་འཛིན་འདུས་པའི་སྒོ་ནས་རྒྱལ་བ་ཚེ་དཔག་མེད་པའི་བཀའ་དབང་དང་འབྲེལ། རིན་ཐང་བྲལ་བའི་ལུགས་གཉིས་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་།  

གསང་ཆེན་བཀའ་བབས་སྔ་འགྱུར་བསྟན་པའི་བདག །

ངུར་སྨྲིག་གར་གྱི་རོལ་བར་ཉེར་བསྒྱུར་པ། །

རིགས་ཀུན་འདུས་ཞལ་ཁྱབ་བདག་འགྲོ་བའི་མགོན། །

པདྨ་སྐལ་བཟང་ཞབས་ལ་གསོལ་བ་འདེབས། །

དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།

WechatIMG6.jpeg

WechatIMG227.jpegWechatIMG238.jpeg

WechatIMG240.jpeg

WechatIMG237.jpeg

     ཁམས་རྫོགས་ཆེན་འབྲོག་རུ་བསོད་ནམས་ལྷ་སྡེའི་ན་གཞོན་དང་བླངས་པ་པདྨའི་སྲི་ཞུ་ཚོགས་པ།