རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་མ་བྱས།

རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྫོགས་ཆེན་ཤྲཱི་སེང་ནཱ་ལེན་དྲའི་སློབ་གླིང་དུ་༢༠༢༡ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་སྤེལ།

WechatIMG588.jpeg

ཡིག་གཟུགས་དུས་སྟོན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་ཆེད་ཕེབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་དགེ་མཚན་ནས་དངོས་པོ་ཇི་སྙེད་ཀྱི་འཕོ་འགྱུར་གྱི་ཕྱོགས་སྟོན་མཛད་ཅིང་ཕྱི་རབས་གཞོན་སྐྱེས་རྣམས་ལ་དམིགས་བསལ་རིན་མཐོང་ལྷག་བསམ་གྱིས་བྲིས་གཟུགས་རྒྱུན་འཛིན་གྱི་ཁོར་ཡུག་བསྐྲུན་ནས་བཀའ་སློབ་རིམ་པར་བསྩལ།

WechatIMG631.jpeg

WechatIMG629.jpeg

ཚོགས་ཐོག་ཏུ་བོད་ཀྱི་ཡིག་གཟུགས་མཁས་པ་རྒན་ཕུན་ཚོགས་ཐུབ་ཆེན་ལགས་ཆེད་ཕེབས་སློབ་སྟོན་དང་ཆོས་གྲྭའི་མཁན་ཆེན་ཁྲི་པ།  སློབ་སྟོན་ཁང་། ཆོས་ཁྲིམས་དང་ལས་འཛིན་པ།  སྨྱུག་འཛིན་ཚོགས་མི་ཉིས་བརྒྱ་ལ་ཉེ་བ་བཅས་མཉམ་ཞུགས་ཀྱིས་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་མཆོག་གི་ཕྱག་རྒྱུན་རྫོགས་བྲིས་ཐང་ག་ཅན་དང་སྣ་མང་ཤིས་ཚིག་ཏུ་སྩལ་བའི་པར་སྒྲོམ་ཅན། གཞན་སྨྱུག་འཛིན་ཚོགས་པའི་དགེ་སློབ་ཚོས་བྲིས་པའི་ལཉྩ་དང་ཝརྟུ། རྫོགས་བྲིས།  འཁྱུག་བྲིས། དབུ་ཅན། འབྲུ་ཚ། སུག་རིང་སོགས་ཡིག་གཟུགས་འདྲ་མིན་གྱིས་བྲིས་པ་རྣམས་འགྲེམ་སྟོན་གནང་ཞིང་ཐུན་མོང་གིས་དགའ་བསུ་ཐོབ།

WechatIMG650.jpeg

WechatIMG649.jpeg

ཡུལ་ངོས་ནས་ཤོག་རིང་དུ་༼ རྫོགས་ཆེན་སྨྱུག་འཛིན་ཚོགས་པས་ ༢༠༢༡ ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་༽ཞེས་བྲིས་པ་དང་རིན་པོ་ཆེ་མཆོག་དང་མཁན་ཆེན་ཁྲི་བ་སོགས་ཀྱིས་གངས་ལྗོངས་ཆོས་རིག་དར་བའི་རྟེན་འབྲེལ་ཤིས་ཚིག་གི་ཕྱག་བྲིས་གནང་ཞིང་བྲིས་གཟུགས་རིག་གནས་ལ་སྐུལ་འདེབས་སློབ་སྟོན་དང་རིན་ཐང་གི་བགྲོ་གླེང་མཛད།  

རྫོགས་ཆེན་སྨྱུག་འཛིན་ཚོགས་པས་རྩ་ཆེན་ཡིག་གཟུགས་འདྲ་མིན་གྱི་བྲིས་རྒྱུན་ལ་ཞིབ་འཇུག་དང་སློབ་སྦྱོང་།  སྐབས་དང་སྐབས་སུ་དཔྱད་འདེམ་འགྲན་བསྡུར་དང་ཡིག་གཟུགས་འགྲེམ་སྟོན་སོགས་བོད་ཀྱི་བྲིས་གཟུགས་རིག་གནས་འཛིན་སྐྱོང་གོང་འཕེལ་དུ་གཏོང་འཆར་ལགས་སོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།