མའི་དྲིན་ལན་བཤགས་མདོ།

WechatIMG2325.jpeg

༄༅།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔དོན་འདི་ལས་ལྷག་པ་གསུང་རྒྱུ་མེད།།བྱམས་པའི་བསྟན་ཅིང་སྙན་པའི་ཚིག།བུ་བརྩེ་བའི་སེམས་ཀྱིས་སྐྱོངས་པའི་དྲིན་ཆེན་མ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཁ་ཟས་ཁས་བྱིན་མི་གཙང་ལག་པས་ཕྱིས།། ཡང་ཡང་པང་དུ་བླངས་པ་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ སྐྱེས་པའི་ཐ་མར་ངེས་པར་འཆི་བ་ཡིན།། ཁ་དྲག་ཅན་ལ་ཅུང་ཟད་འདུག་དབང་མེད། གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས།། ཁམས་གསུམ་འཁོར་བར་འཁྱམ་པ་སྙིང་རེ་རྗེ།། སྤྱིན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ འགྲོགས་པའི་ཐ་མར་ངེས་པར་བྲལ་བ་ལ།། བརྩེ་གདུང་ཅན་ལ་ཅུང་ཟད་སྡོད་དབང་མེད།། གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ བསགས་པའི་ཐ་མར་ངེས་པར་ཟད་པ་ལ།། སེར་སྣ་ཅན་ལ་ཅུང་ཟད་ཁྱེར་དབང་མེད།། གཅིག་པུར་འགྲོ་ལ་ཕན་པ་དམ་པའི་ཆོས།།ཁམས་གསུམ་འཁོར་བར་འཁྱམ་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ མ་ཁྱོད་འདི་ནས་གཅིག་པུར་འགྲོ་བ་ལ།། ང་དང་ཁྱོད་དང་སྤྱན་རས་གཟིགས་དང་གསུམ།། འཛོམས་པའི་སྨོན་ལམ་འཚལ་ལོ་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཁམས་གསུམ་འགྲོ་བ་རིགས་དྲུག་གར་སྐྱེས་ཀྱང་།། སྐྱེ་གནས་བཞི་པོ་དག་ལ་བརྟེན་ནས་སྐྱེས།། རྫུས་ཏེ་སྐྱེ་གནས་གཅིག་པུར་མ་གཏོགས་པར།། ཕ་མ་དག་ལ་བརྟེན་ནས་གཟུགས་སུ་གྲུབ།། ལས་ཀྱི་དབང་གིས་མ་བུར་གྱུར་པའི་ཚེ།། ཟླ་དགུ་ཞག་བཅུ་ཁུར་བའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཐིག་ལེ་རླུང་གིས་གཡོ་བའི་དུས་ཀྱི་ཚེ།། ཤ་རུས་ཁ་ཁར་བྲལ་བའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཁྲག་དང་ཆུ་སེར་ལྷན་དུ་བཙས་པའི་ཚེ།། འོ་མ་རྣག་ཁྲག་འདྲེས་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཤ་རུས་ཉབ་ཉོབ་འཐིབ་པའི་དུས་ཀྱི་ཚེ།།ཕྱག་གིས་འཇམ་པོར་བླངས་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔མིག་དང་དབང་པོ་སྒོ་ལྔ་རྣག་པའི་ཚེ།།ཁ་འཇམ་ལྕེ་ཡིས་བལྡག་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔མི་གཙང་དྲི་མ་ཁ་རུ་སོང་བ་ན།།སྣང་བ་ཞེན་པ་མ་ལོག་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པས་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཉིན་མཚན་མེད་པར་རུམ་ཁུང་དྲོན་མོར་བཅུག ། མཆིན་ཁར་བྲལ་མེད་གཏུག་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ནུབ་མོ་གཏི་མུག་གཉིད་ཀྱིས་ཁྱེར་བའི་ཚེ།།མ་དག་ནུབ་གཉིད་ཆགས་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔པང་དུ་འཇམ་ཞིང་བཀོད་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔སེམས་ལ་དགའ་སྤྲོ་འཛོམ་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔རྟག་དུ་གཡོ་ཞིང་ངུ་བའི་ཚུལ་སྟོན་པ།།མ་བཟོད་ནུ་ཞོ་བསྣུམ་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ། །ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ གཉིད་དུས་མིག་ལ་སེར་བུ་ཕོག་པའི་དུས། །ཚ་གྲང་མྱུར་དུ་སྐྱོབ་པའི་དྲིན་ཆེན་མ། ། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔རང་ལུས་རང་གིས་སྲུང་བརྩིས་མེད་པའི་དུས།།ན་བཟའ་གཙང་འཇམ་བྱེད་པའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། ། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ། ། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ རྐང་བཞི་དུད་འགྲོ་བཞིན་དུ་འགྲོ་བའི་དུས། ། རྐང་ཚེ་གོམ་ཚེ་བསླབས་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔དེ་ནས་ལོ་གསུམ་གསུམ་ལོན་པའི་དུས་ཀྱི་ཚེ། །གར་འགྲོ་མིག་གིས་འཚོ་བའི་དྲིན་ཆེན་མ། །ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།།ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ དེ་ནས་ལོ་ལྔ་ལོན་པའི་དུས་ཀྱི་ཚེ།།གོས་ལྷམ་ལམ་མཆོག་སྟོན་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ དེ་ནས་ལོ་བཅུ་ལོན་པའི་དུས་ཀྱི་ཚེ།།སེམས་ཀྱི་ཁོ་ཐག་ཆོད་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ སེམས་ལ་རྩེ་གཅིག་བསྒོམ་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ རྟག་ཏུ་བཏང་སྙོམས་ཡོད་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།།སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔གང་ནས་འགྲོ་དབང་ཡོད་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔འགྲོག་ནས་རང་དབང་ཡོད་པའི་དྲིན་ཆེན་མ།།ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔གློ་བུར་བདུད་ཀྱིས་ཁྱེར་པའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་ འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔ ཁྱེར་ནས་གར་ཡོད་མི་ཤེས་དྲིན་ཆེན་མ།། རྣམ་ཤེས་དབྱེར་མེད་རྫོགས་པའི་དྲིན་ཆེན་མ།། བརྗོད་ནས་ཁྲོ་བ་མི་བྱེད་དྲིན་ཆེན་མ།། བསམ་པ་ཡང་ཡང་འཕྲོག་པའི་དྲིན་ཆེན་མ།། དྲིན་ལས་འཆི་མ་ཤོར་བའི་དྲིན་ཆེན་མ།། ཁམས་གསུམ་འཁོར་བར་འཁྱམས་པ་སྙིང་རེ་རྗེ།། སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་དུ་གསོལ།། ༀ་མ་ནི་ པདྨེ་ཧཱུྃ་ཧྲཱི༔ མ་ཁྱོད་འདི་ནས་ལུས་སེམས་བྲལ་བའི་ཚེ།།ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག ། སྐྱེས་ནས་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག ། ཐོབ་ནས་སེམས་ཅན་དོན་ཀུན་མཛད་དུ་གསོལ།། དོན་ཆེན་སྙིང་ནས་ཚིག་གི་སེམས་ལ་བཅགས།། སྟུག་པོ་བཀོད་པའི་ཞིང་འདིར་རྡོ་རྗེ་འཆང་།། རྔ་ཡབ་གླིང་ནས་པདྨ་འབྱུང་གནས་ཞེས།། ཁ་བ་ཅན་ནས་དཔལ་ལྡན་ཀརྨ་པས།། དྲིན་ཆེན་མ་ལ་དྲིན་ལན་སོད་པར་ཤོག ། ༀ་མ་ནི་པདྨེ་ཧཱུྃ་ཧྲཱི༔  ཞེས་པ་འདི་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ཡུམ་གྱི་དྲིན་ལན་བཤགས་པའི་མདོ་མཛད་པ་དགེའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།