༄༅།། བཀྲ་ཤིས་དཔལ་གྱིས་ཡངས་པའི་ས༵་ཆེན་མཛེས། །
བདེ་ལེགས་སྣང་བས་བོད་ཁ༵མས་ཁྱོན་ཀུན་ཁྱབ།།
དགེ་མཚན་མི་ནུབ་རྟག་བརྟན་རྡོ༵་རྗེ༵འི་ཆོས།།
སྣ༵་ཚོགས་རེ་ཁས་གངས་ཅ༵ན་ལྗོངས་འདི་སྲུངས། །
ས་ཁམས་རྡོ་རྗེའི་སྣ་ཅན་གྱི་ཕག་ལོ་གསར་ཚེས་ལ་ཤིས་བརྗོད་དུ་བསྟན་འཛིན་ལུང་རྟོགས་ཉི་མས་འཕྲལ་བྲིས་དགེ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།