ཁམས་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་ཆོས་གྲྭ་ཆེན་མོ་ནས་རྫོགས་ཆེན་སྨྱུག་འཛིན་ཚོགས་པའི་དགེ་སློབ་ཡོངས་ཀྱིས་བོད་རབ་གནས་ཆུ་སྟག་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་ཡིག་གཟུགས་འགྲེམ་སྤེལ་གནང་། ཚོགས་ཐོག་ཏུ་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་བ་པདྨ་འཇམ་དབྱངས་ལགས་ཀྱིས་རིག་གནས་ཀྱི་རྣམ་བཞག་དང་བྲིས་གཟུགས་སྦྱོང་བསྐུལ་གྱི་བཀའ་སློབ་མཛད། ཆོས་གྲྭའི་སློབ་སྟོན་གཞུང་ལས་ཁང་གི་སློབ་དཔོན་དང་མཁན་པོ། རྫོགས་ཆེན་བྲིས་གཟུགས་ཚོགས་པའི་དགེ་སློབ་བཅས་ཚོགས་ཞུགས་མཛད་དེ་ཁྱབ་བདག་བླ་མ་རིན་པོ་ཆེའི་རྫོགས་བྲིས་དང་། ལཉྫ། ཝར་ཏུ། དབུ་ཅན། དབུ་མེད། སུག་རིང་། འབྲུ་ཚ་སོགས་ཡིག་གཟུགས་འདྲ་མིན་གྱི་ལམ་ནས་སྤྱན་འབུལ་གནང་།
ཡིག་གཟུགས་བཤམ་སྟོན་གྲུབ་རྗེས་ཡུལ་ངོས་ནས་བྲིས་པ་ཚོས་ཡིག་བྲིས་ཀྱི་ལྟད་མོ་ཕུལ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།