རྫོགས་ཆེན་རིན་པོ་ཆེས་མཛད་པའི་སྤྱོད་འཇུག་འགྲེལ་ཆེན་བྱང་ཆུབ་ལམ་གྱི་གསལ་སྒྲོན་དབུ་འབྱེད་མཛད་སྒོ་སྤེལ་བ།

WechatIMG938.jpeg

2021.12.12 བོད་ཟླ་བཅུ་བའི་ཚེས་དགུའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་གྲུབ་དབང་བདུན་པ་༧ སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་བ་བྱང་ཆུབ་ལམ་གྱི་གསལ་སྒྲོན་དབུ་འབྱེད་མཛད་སྒོ་ཤྲཱི་སེང་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྤེལ། 

WechatIMG935.jpeg

ཚོགས་ཐོག་ཏུ་སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ཆེན་མོའི་འགྲེལ་བ་ཇི་ལྟར་བརྩམས་དགོས་པའི་ཀུན་སློང་སྟེ།   དེང་རབས་བོད་ཀྱི་ན་གཞོན་དག་གིས་གོ་སླ་བའི་ཐབས་སུ་བརྩམས་པའི་གསར་འགྲེལ། དཔལ་སྤྲུལ་རིན་པོ་ཆེའི་མན་ངག་ཞལ་ལུང་གིས་ཟུར་བརྒྱན་པའི་ཉམས་ཁྲིད། ཐེག་པ་ཆེན་པོའི་མདོ་སྡེའི་ལུང་མང་ཁུངས་སུ་དྲངས་པའི་འགྲེལ་ཆེན། ནང་བསྟན་ཐེག་པ་ཆེན་པོའི་རྨང་གཞིའི་ལྟ་གྲུབ་གསལ་བར་སྟོན་པའི་ལེགས་བཤད་སོགས་ཀྱི་ཁྱད་ཆོས་གླེང་བ་དང་།  ནང་བསྟན་ཤེས་རིག་གི་བསྟན་པ་རིན་པོ་ཆེ་ཇི་སྲིད་འགྲོ་བའི་ཁམས་སུ་དར་བའི་ཐུགས་བསྐྱེད་སྨོན་འདུན་མཛད་པ་དར་ཆབས་གཅིག  ཤྲཱི་སེང་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་ཆེན་ཁྲི་བ་དང་གཞུང་ཆེན་མཁན་པོ། སྐྱོར་དཔོན། ཆོས་ཁྲིམས་གཙོས་བསླབ་ལྡན་དགེ་འདུན་འདུས་སྡེ་ཡོངས་ཀྱིས་བཀྲ་ཤིས་བརྒྱད་པའི་ཞལ་འདོན་གྱིས་དབུ་བཟུང་ནས་རྫོགས་ཆེན་བྱང་ཆུབ་སེམས་སྡོམ་གྱི་ཆོ་ག་དང་། བསྟན་རྒྱས་སྨོན་ལམ་སོགས་བཀྲ་ཤིས་སྨོན་ལམ་གྱིས་མཐའ་རྒྱན་ཏེ་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་པའོ།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།