༄༅། ། སྐྱབས་རྗེ་བླ་མའི་གསོལ་འདེབས་གསང་ཆེན་བཀའ་བབས་དང་འབྲེལ་བའི་མཁྱེན་གསོལ་དད་པའི་གསོས་སྨན།
༡ ཀ་དག་གདོད་མའི་དབྱིངས་སུ་མངོན་སངས་ཀྱི་རྒྱལ་བ། །
ལྷུན་གྲུབ་ལོངས་སྐུའི་ཞིང་ནས་སྤྲུལ་བསྒྱུར་ལ་རོལ་ཏེ། །
གསང༵་ཆེན༵་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་སློང་བའི། །
སྐུ་གསུམ་བླ་མ་རྒྱུད་ཀྱི་བཀའ༵་བབས༵་དེ་མཁྱེན་ནོ། །
༢ རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ༵་འགྱུར༵་གྱི་བསྟན༵་པ། །
དགོང་ཁའི་ཟེར་བཞིན་གྱི་ནར་ཉག་ཕྲ་ཡི་སྐབས་སུ། །
དཔའ་ཆེན་སེམས་པའི༵་ཐུགས་བསྐྱེད་བད༵ག་གིར་དུ་བཞེས་ཏེ། །
སླར་ཡང་བཤད་སྒྲུབ་བསྟན་པའི་གསལ་བྱེད་ཁྱེད་མཁྱེན་ནོ། །
༣ བསླབ་བརྩོན་ངུར༵་སྨྲིག༵་ག༵ར་གྱིས་སྨད་འདུལ་གྱི་སྡོམ་རྒྱུན། །
ཕྱོགས་བརྒྱར་སྤེལ་བའི་རོལ༵་བ༵་ཉེར༵་བསྒྱུར༵་གྱི་མཛད་པས། །
བསྟན་པ་དག་གཙང་སྟོན་པའི་རྒྱལ་ཚབ་ཏུ་བཞུགས་པ༵། །
དོན་གྱི་འདུལ་འཛིན་གནས་བརྟན་ཆེན་པོ་གང་མཁྱེན་ནོ། །
༤ རིགས༵་དང་དཀྱིལ་འཁོར་ཀུན༵་འདུས༵་ཡོངས་རྫོགས་ཀྱི་ཞ༵ལ་སྐྱིན། །
ཁྱབ༵་བད༵ག་སྒྱུ་འཕྲུལ་རོལ་གར་འགྲོ༵་བ༵་ཡི་མགོན༵་དུ། །
པདྨའི་ཐུགས་སྤྲུལ་པ༵དྨ༵་སྐ༵ལ་བཟང༵་ཞེས་གྲགས་པའི། །
ཞབས༵་ལ༵་སྙིང་ནས་གདུང་བས་གསོལ༵་བ༵་ཞིག་འདེབས༵་ན། །
དགོངས༵་བརྒྱུད༵་རྟོགས༵་པ༵་འཕོ༵་བར༵་བྱིན༵་གྱིས༵་རང་རློབས༵་ཤིག།
ཅེས་མི་ཕྱེད་དད་པས་བླ་མ་དྲན་གདུང་གི་གསོལ་འདེབས་འདི་ཉིད། ༧མགོན་པོ་གང་དེའི་གསུང་གི་བདུད་རྩིས་འཚོ་བའི་སློབ་འབངས་པ་འབྲུག་ཆེན་སྐྱེ་མིང་མཐུ་སྟོབས་རྣམ་རྒྱལ་དེས། བོད་རབ་རྒྱན་མེ་བྱ་ལོའི་ཟླ་བ་བརྒྱད་པའི་ཡར་ཚེསབདུན་ལ་༧རྒྱལ་བ་ཀློང་ཆེན་པའི་གདན་ས་གངས་རི་ཐོད་དཀར་མེ་ལོང་ཕུག་པ་ཟླ་གམ་དབང་གི་ཕོ་བྲང་དུ་གསོལ་བ་བཏབ་པའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།