སྐལ་བཟང་ལེགས་བྱས་ཀྱི་སྙིང་རྗེའི་དགེ་ལས།

WechatIMG337.jpeg

སྐབས་འདིའི་མཆིན་ཚད་ཁ་བའི་རིམས་རྩི་འདེབས་པའི་སྐལ་བཟང་ལེགས་བྱས་ཀྱི་སྙིང་རྗེའི་དགེ་ལས་ཡོངས་སུ་ལེགས་འགྲུབ་བྱུང་ཟིན་ཞིང་། འགོག་ཁབ་ཀྱི་སྤུས་ཚད་དང་། འགོག་ཁབ་བརྒྱབ་པའི་ཚར་གྲངས། འགོག་ཁབ་བརྒྱབ་པའི་དུས་ཚོད་རྣམས་འཛམ་གླིང་འཕྲོད་བསྟེན་སྡེ་ཁག་དག་གི་གཏན་འབེབ་ལྟར། ནན་ཏན་གྱིས་ལག་བསྟར་བྱས་ཏེ་ཚད་ལྡན་ངང་ལེགས་འགྲུབ་བྱུང་སོང་བས་ཡིད་སེམས་སྤྲོ་བས་ཁེངས། དེས་ན་མི་ཚེའི་སྙིང་དོན་བདེ་སྐྱིད་དང་། བདེ་སྐྱིད་ཀྱི་རྩ་བ་གཞན་ཕན་ལས་འཚོལ་བའི་ངོས་ཀྱི་ལས་གྲོགས། རྫོགས་ཆེན་འཕྲོད་བསྟེན་ཁང་གི་ལས་བཟོ་བ་དང་། པདྨའི་སྲི་ཞུ་ཚོགས་པའི་ཚོགས་མི་བཅས་ལ། ངས་འདི་ནས་བཀའ་དྲིན་ཆེ་ཞེས་བརྗོད་རྒྱུ་ཡིན། 

WechatIMG344.jpeg

ཁྱེད་ཅག་གིས་ཉིན་འདི་དག་གི་རིང་ལ་ང་དང་མཉམ་དུ་བཟོད་དཀའ་བའི་མཐོ་སྒང་ལྷགས་རླུང་གི་ཁྲོད་ནས། རིགས་གཅིག་པའི་སྤུན་ཟླ་མིང་སྲིང་དག་གི་ཚེ་སྲོག་གི་མར་མེ་བདེ་ཐང་གིས་འཚོ་ཆེད། རང་གི་རིན་བྲལ་གྱི་དུས་ཚོད་བློས་བཏང་སྟེ་རླབས་ཆེ་བའི་གཞན་ཕན་གྱི་བྱ་འགུལ་ལ་ཞུགས་པར། ང་དང་མི་མང་གང་མང་ཞིག་ལ་ངོ་མ་ཡིད་འགུལ་ཐེབས་བཅུག་སོང་། ཁྱེད་ཅག་གི་བཟང་སྤྱོད་ལ་ཁོང་ཚོས་ནམ་ཡང་བསྔགས་བརྗོད་དང་དགའ་གུས་ཚད་མེད་བྱ་ངེས། གལ་སྲིད་ཁྱེད་ཅག་གི་འབད་པ་མེད་ན་འདི་འདྲའི་གྲུབ་འབྲས་ལེགས་པོ་ཞིག་ཐོབ་དཀའ་ཞིང་། གལ་སྲིད་སྐལ་བཟང་ལེགས་བྱས་འཇིག་རྟེན་འདིར་བལྟམས་མེད་ན་འུ་ཅག་མཆིན་ཚད་ཁ་བའི་འཇིགས་ཉེན་ལས་ཀྱང་གྲོལ་དཀའ། དེས་ན་ཁྱེད་དང་ང་། ཁོང་དང་ཁོང་གི་ཆེད་དུ། ནམ་ཡང་སྐལ་བཟང་ལེགས་བྱས་ཀྱི་དགེ་ལས་ལ་མཉམ་ཞུགས་གནང་དགོས།

རིག་འཛིན་དབང་མོ་ནས་སྤྱི་ལོ་༢༠༢༡ལོའི་ཟླ་༡ པོའི་ཚེས་༡༩ ལ་བྲིས།

WechatIMG349.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།