སྲིན་ཐུམ་ནད་ཀྱི་འགོག་བཅོས་ཤེས་བྱ།

timg-9.jpeg

ཁ་རྒྱུན་དུ། སྨན་བཅོས་ཐེངས་བཅུ་ལས་སྔོན་འགོག་ཐེངས་གཅིག་གིས་ལྷག་ཅེས་བཤད་སྲོལ་ཡོད། འཚོ་བའི་ནང་ནད་རིགས་ནི་མེད་སར་མེད་པས་མི་སུ་ཡིན་ཡང་ནད་ཕོག་པའི་ཉེན་ཁ་ཡོད་པ་ཞིག་ཡིན། དེ་བས་ནད་རིགས་སྔོན་འགོག་བྱེད་པ་ནི་ནད་དང་བར་ཐག་རིང་དུ་གཏོང་བའི་ཐབས་ཤེས་ཡག་ཤོས་ཡིན། 

སྲིན་ཐུམ་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཤུགས་ཆེ་གཏོང་བའི་གཞན་བརྟེན་འཚོ་འབུའི་ནད་ཅིག་ཡིན། དེ་གཙོ་བོ་འཛམ་གླིང་གི་ཕྱུགས་རིགས་འཕེལ་རྒྱས་ཆེ་སར་འགོས་ཁྱབ་བྱེད་ཀྱི་ཡོད་ལ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཞིག་ཏུ་ཆགས་ཡོད། རང་རྒྱལ་དུ་གཙོ་བོ་ནུབ་ཕྱོགས་ས་ཁུལ་དུ་འགོས་ཁྱབ་བྱེད་ཀྱི་ཡོད། སྲིན་ཐུམ་ནད་འདི་སྔོན་འགོག་བྱེད་ཆེད་ནད་འགོས་པའི་ནད་པ་དང་དེའི་ཁྱིམ་མི། དེ་བཞིན་སྤྱི་ཚོགས་ཀྱི་མི་སྣའི་ཁྲོད་དུ་སྲིན་ཐུམ་ནད་ཀྱི་སྔོན་འགོག་ཤེས་བྱ་སློབ་སྦྱོང་བྱེད་དགོས་ལ། འགོས་ཁྱབ་ཁུལ་གྱི་མང་ཚོགས་ཀྱི་སྲིན་ཐུམ་ནད་ཀྱི་གནོད་འཚེར་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ་དང་། ད་དུང་མི་རྣམས་ལ་བདེ་ཐང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཚུལ་སོགས་ཀྱི་ཐད་སྦྱོང་བརྡར་ཡག་པོ་བྱེད་དགོས། དེ་ལྟར་བྱས་ཚེ་སྲིན་ཐུམ་ནད་ཕོག་ཚད་དམའ་རུ་འགྲོ་ངེས་ཡིན། ། 

དང་པོ། སྲིན་ཐུམ་ནད་ཀྱི་འགོས་ཁྱབ་འགྲོ་ཚུལ། 

སྲིན་ཐུམ་ནད་ལ་ཆུ་ཐོར་ནད་ཅེས་འབོད། འདི་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་བཞིན་པའི་མི་ཕྱུགས་གཉིས་ལ་ཁྱབ་པའི་གཞན་བརྟེན་སྲིན་ནད་ཅིག་ཡིན། དེ་ནི་རང་རྒྱལ་གྱི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཤིན་ཅང་། ཀན་སུའུ། ཉིན་ཞ། ནང་སོག  ཡུན་ནན་དང་ཧྲན་ཤི་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས་ཀྱི་ཤར་ཁུལ་དང་བྱང་ཁུལ། ནུབ་ཁུལ་སོགས་ཀྱི་འབྲོག་ཕྱོགས་དང་རོང་ཕྱོགས་ལ་འགོས་ཁྱབ་ཡོང་བཞིན་ཡོད། 

དེ་ལ་དབྱེ་ན་སྣོད་ཅན་དང་ལྦུ་ཅན་གཉིས་ཡོད། 

སྲིན་ཐུམ་ནད་ནི་ཟས་རིགས་ཀྱི་ནང་དུ་འབུ་སྒོང་འགོས་པ་ལས་ཁྱབ་འཕེལ་བྱེད་ཀྱི་ཡོད་ལ་ཞིང་འབྲོག་ས་ཁུལ་དུ་སྒོ་ཁྱི་ནི་སྣོད་ཅན་སྲིན་ཐུམ་ནད་ཀྱི་འབྱུང་རྩ་གཙོ་བོ་ཡིན་པ་དང་། ཝ་མོ་དང་སྤྱང་ཀི་སོགས་ཀྱང་སྲིན་ཐུམ་ནད་རིགས་འགོས་ཁྱབ་བྱེད་མཁན་གཙོ་བོ་ཡིན། 

མི་དང་ཁྱི་གཉིས་འབྲེལ་འདྲིས་དམ་པོ་ཡོད་ཅིང་། སྲིན་ཐུམ་གྱི་འབུ་སྒོང་ཡོད་པའི་ཟས་རིགས་བཟས་པ་དང་། ཕྱི་རོལ་གྱི་འབུ་སྒོང་འགོས་པའི་ཆུ་བཏུང་བ་ལས་སྲིན་འབུའི་ནད་རིགས་འགོས་ཀྱི་ཡོད་པ་དང་། ཕྱུགས་རིགས་འཚོ་བ་དང་སྤུ་བལ་འབྲེག་པ། འོ་མ་འཇོ་བ། པགས་རིགས་དང་སྤུ་རིགས་ཀྱི་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་སྲིན་འབུའི་ནད་རིགས་འགོས་ཀྱི་ཡོད། ཡིན་ཡང་མི་དང་མིའི་བར་དང་། ཕྱུགས་རིགས་ཕན་ཚུན་ཐད་ཀར་འགོས་ཁྱབ་བྱེད་ཀྱི་མེད། 

༡. གྲ་ལྒང་རྒྱུ་སྲིན་ལེབ་རིང་ཅན་གྱི་འཚོ་གནས་བརྒྱུད་རིམ། 

༢. མིའི་ལུས་ཕུང་ནང་གི་སྣོད་ཅན་སྲིན་འབུའི་འབྱུང་ཁུངས། 

༣. གྲ་ལྒང་རྒྱུ་སྲིན་ལེབ་རིང་ཅན་གྱི་འཚོ་གནས་འཁོར་ཡུག 


གཉིས་པ། སྲིན་ཐུམ་ནད་ཀྱི་གནོད་འཚེ་དང་ནད་རྟགས། 

སྲིན་ཐུམ་ནད་ཀྱིས་མིའི་ལུས་ཕུང་གི་མཆིན་པ་དང་གློ་བ། ཀླད་པ། རྐང་མར་སོགས་ལུས་ཡོངས་ཀྱི་དབང་པོ་ལ་གནོད་འཚེ་གཏོང་གིན་ཡོད། 

སྲིན་ཐུམ་ནད་དེ་ལ་སྔ་དུས་སུ་ནད་རྟགས་མངོན་ཚུལ་གང་ཡང་མེད་ལ། མང་ཆེ་བ་ཞིག་གཟུགས་པོ་བརྟག་དཔྱད་བྱས་ལས་ཤེས་ཐུབ། 

སྣོད་ཅན་གྱི་སྲིན་ཐུམ་ནད་དེ་ཕོག་ན་མཆིན་པར་ཟུག་གཟེར་ལངས་བ་དང་དབུགས་ཧལ་བ། བྲང་ཁོག་ན་བ། མགོ་བོ་ན་བ། སྐྱུག་མེར་ལངས་པ་མ་ཟད་བརྒྱལ་གཟེར་གྱི་ནད་རྟགས་འབྱུང་བའང་ཡོད། ཧ་ཅང་ཚབས་ཆེན་གྱི་མི་འཕྲོད་པའི་དུག་ནད་རྐྱེན་པའི་བརྒྱལ་བ་དང་ཤི་རྐྱེན་ཡང་བྱེད་སྲིད། 

ལྦུ་ཅན་གྱི་སྲིན་ཐུམ་ནད་ཕལ་ཆེར་མཆིན་པ་ལ་འབྱུང་བ་ཡིན། དེའི་ནད་རྟགས་གཙོ་བོ་ནི་མཆིན་པའི་སྐྲན་ནད་དང་འདྲ་བ་ན་ཟུག་ཆེ་ལ་མཁྲིས་ཁུ་ལུད་ཡོང་། ཤི་ཚད་མཐོ་བས་སྲིན་སྐྲན་ཡང་ཟེར། 

གློ་བའི་གྲ་ལྒང་སྲིན་འབུ་ནི་མིའི་གཟུགས་པོ་ཡོངས་ཀྱི་གྲ་ལྒང་སྲིན་འབུ་ཡི་བརྒྱ་ཆ་12-16ཟིན་གྱི་ཡོད། ཕོ་མོར་ནད་རིགས་ཕོག་ཚད་ནི་2:1ཡིན། བྱིས་པར་ནད་འདི་ཕོག་ཚད་བརྒྱ་ཆ་25-30བར་ཟིན་པ་དང་། ལོ་བཞི་བཅུ་མན་ལ་ཕོག་ཚད་མཐོ་པོ་ཡོད། ནད་པ་ལོ་ཆུང་ཤོས་1-2བར་དང་། ལོ་ཆེ་ཤོས་60-70བར་ཡོད། 

གློ་བའི་སྣོད་ཅན་སྲིན་ཐུམ་ནད་འགྱུར་དལ་བ་ཡོད། གལ་སྲིད་ནད་ཀྱི་ལྡོང་ཟླ་གཞན་མེད་ན་ནད་རྟགས་ལོ་མང་པོར་ཕྱིར་མངོན་གྱི་མེད། སྤྱིར་ན་ནད་གཞི་འདི་རིགསའགོས་པ་ནས་ནད་རྟགས་ཐོན་པའི་བར་ལོ་3-4བར་ཡིན་ལ་འགའ་ཤས་ལོ་བཅུ་ཉིཤུའི་རྗེས་སུ་གཞི་ནས་ནད་རྟགས་འབྱུང་སྲིད་པ་ཡིན། ། 

གསུམ་པ། སྲིན་ཐུམ་ནད་ཀྱི་བརྟག་དཔྱད་དང་གསོ་བཅོས། 

Bསྒྲ་འདས་དང་X-འོད་ཐིག CTདང་ཉིང་སྡུད་ཁབ་ལེན་མཉམ་གཡོའི་(MR)བརྟག་དཔྱད་བྱ་བ་ནི་སྲིན་ཐུམ་ནད་བརྟག་དཔྱད་བྱེད་པའི་ཐབས་ཤེས་གཙོ་བོ་ཡིན། 

ཁྲག་གི་བརྟག་དཔྱད་བྱེད་པ་དེས་སྲིན་ཐུམ་ནད་ལ་གཞོག་འདེགས་བརྟག་དཔྱད་ཀྱི་ནུས་པ་ཐོན། 

གཤག་བཅོས་བྱས་ཏེ་གསོ་བཅོས་བྱེད་པ། ཆ་རྐྱེན་ཚང་ལ་རང་འགུལ་གྱིས་གཤག་བཅོས་བྱ་འདོད་ཡོད་པའི་ནད་པ་ཡིན་ན། གཤག་བཅོས་བྱས་ན་ནད་གཞི་ལེགས་བཅོས་བྱེད་ཐུབ་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཐུབ། 

སྨན་རྫས་ཀྱིས་གསོ་བཅོས་བྱེད་པ། གཤག་བཅོས་ཀྱི་ཆ་རྐྱེན་མི་ཚང་བའི་ནད་པར་སྨན་པའི་མངག་བཅོལ་ལྟར་དུས་ཐོག་ཏུ་སྲིད་གཞུང་གིས་རིན་མེད་སྤྲད་པའི་སྨན་ཨ་པིན་ཙའོ་རིལ་བུ་དང་ཨ་པིན་ཙའོ་ལྡེ་གུ་ཡི་སྨན་རྫས་ཆགས་མེད་བཏང་དགོས། 

སྲིན་ཐུམ་ནད་གསོ་བཅོས་བྱེད་པར་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་བཙུགས་སྨན་ཁང་དུ་རིན་མེད་སྨན་བཅོས་དང་བརྟག་དཔྱད་བྱ་ཆོག 

༤. གཤག་བཅོས་བྱེད་པ་ནི་སྲིན་ཐུམ་ནད་རྩད་བཅོས་བྱ་ཐབས་ཡག་ཤོས་ཡིན། 

བཞི་པ། སྲིན་ཐུམ་ནད་ཀྱི་སྔོན་འགོག་དང་ཚོད་འཛིན། 

༥. སྲོག་ཆགས་ཀྱི་སྲིན་འབུ་འདེད་པར་ཕན་ནུས་ཆེ་ཤོས་ཀྱི་སྨན་ནི་---པིས་ཁའོས་ཐུང་ཡིན། 

༦. ཁྱི་དང་མཉམ་དུ་རྩེད་མོ་མི་རྩེ་བ་དང་། ཟས་ཚོས་པ་ཟ་བ། ཆུ་ཁོལ་བཏུང་བ། ཁྱི་ཡོད་ཚད་ལ་སྨན་སྟེར་བ་དང་ཟླ་རེར་ལ་འབུ་འདེད་པ། བ་ཕྱུགས་དང་ལུག་སོགས་ཀྱི་ནད་འགྱུར་ནང་ཁྲོལ་མེར་བསྲེག་ཏེ་ས་དོང་དྲུས་ནས་སྦས་དགོས་པ་ལས་ཁྱི་ལ་སྟེར་མི་རུང་། དུས་བཀག་ལྟར་གཟུག་གཞིར་བརྟག་དཔྱད་བྱ་དགོས། 

གཙང་སྦྲ་ལ་དགའ་བ། འཕྲོད་བསྟེན་ལ་དོ་སྣང་། བདེ་ཐང་གི་ཆུ་ཚད་མཐོར་འདེགས་བྱ་བ། 

༧. ལུག་དང་ཁྱི་སོགས་ལ་རྩེད་མོ་རྩེ་རྗེས་ངེས་པར་དུ་ལག་པ་གཙང་མ་འཁྲུད་དགོས་པ་དང་། ཟས་མ་བཟས་གོང་དང་བཙོག་གཅིན་བཏང་རྗེས་ལག་པ་གཙང་མ་འཁྲུ་བ་ནི་སྲིན་ཐུམ་ནད་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། 


ཚད་ལྡན་གྱི་ལག་པ་འཁྲུ་བའི་གོ་རིམ་དྲུག 

(༡)ལག་མཐིལ་གཉིས་སྦྱར། མཛུབ་མོ་གཤིབ་ནས་འཕུར་མཉེ་བྱས་ཏེ། ལག་མཐིལ་གཙང་མ་བཀྲུ་བ། 

(༢)ལག་མཐིལ་གྱིས་ལག་རྒྱབ་ལ་སྦྱར། མཛུབ་མོ་བསྣོལ་ནས་མཛུབ་བར་འཕུར་མཉེ་བྱ་བ། ཕན་ཚུན་བརྗེ་རེས་བྱས་ནས་ལག་རྒྱབ་གཙང་མ་བཀྲུ་བ། 

(༣)ལག་མཐིལ་ཁ་སྦྱར་ནས་ལག་གཉིས་ཕན་ཚུན་བསྣོལ་ནས་འཕུར་མཉེ་བྱས་ཏེ། མཛུབ་མར་གཙང་མ་བཀྲུ་བ། 

(༤)མཛུབ་མོའི་ཚིགས་གྱོག་གུག་བྱས་ཏེ། ལག་གཅིག་གི་ལག་མཐིལ་བསྐོར་ནས་འཕུར་མཉེ་བྱས་ཏེ། ཕན་ཚུན་བརྗེ་རེས་བྱས་ནས་བཀྲུ་བ། 

(༥)ལག་གཅིག་གིས་ལག་གཞན་གཅིག་གི་མཐེ་བོང་ལ་ཟིན་ནས་བསྐོར་བས་འཕུར་མཉེ་བྱ་བ་དང་། ཕན་ཚུན་བརྗེས་ནས་མཐེ་

བོད་གཙང་མ་བཀྲུ་དགོས། 

(༦)ལག་པ་གཅིག་གི་ལག་མཐིལ་མཛུབ་མོ་གཤིབ་ནས་ལག་པ་གཞན་ཞིག་གི་ལག་མཐིལ་ལ་འཕུར་མཉེ་བྱས་ཏེ་མཛུབ་རྩེ་གཙང་མ་བཀྲུ་དགོས། 


སྲིན་ཐུམ་ནད་འདི་རིགས་མིའི་མཆིན་པ་དང་། གློ་བ། ཀླད་པ། རྐང་མར་སོགས་ཀྱི་དབང་པོར་གནོད་འཚེ་གཏོང་གི་ཡོད། དཔེར་ན་མཆིན་པ་ན་བ་དང་། དབུགས་ཧལ་བ། བྲང་ཁོག་ན་བ། མགོ་ན་བ། སྐྱུགས་པ་སྐྱུག་པ་སོགས་འབྱུང་བ་དང་། ཉེན་ཚབས་ཆེ་བར་མ་འཕྲོད་པའི་དུག་གི་རྐྱེན་པས་བརྒྱལ་བ་དང་ཤི་བའང་འབྱུང་། 

སྲིན་ཐུམ་ནད་ནི་སྔོན་འགོག་བྱེད་ཐུབ་པ་ཞིག་ཡིན་ཞིང་། སྔོན་འགོག་བྱ་ཐབས་གཙོ་བོ་གཤམ་གསལ་ལྟར་ཡིན་ཏེ། 

༡. ཁྱི་དང་ཝ་མོ། ཞི་མི་སོགས་ནད་འབྱུང་ཁུངས་དང་འབྲེལ་འདྲིས་མི་བྱེད་པ་དང་། ཁྱི་དང་རྩེད་མོ་མི་རྩེ་བ། 

༢. ཕྱུགས་ཟོག་གི་ཤི་ཤ་ཁྱི་ལ་མི་སྟེར་བ་དང་། ནད་ཕོག་པའི་ཕྱུགས་ཟོག་གི་ནང་ཁྲོལ་མེ་ལ་བསྲེག་ནས་ས་སྦས་གཏོང་དགོས། 

༣. དུས་བཀག་ཐོག་སྒོར་ཁྱིར་སྨན་རྫས་ཀྱིས་འབུ་འདེད་དགོས་ལ། ཁྱི་ཡིན་ཚད་ལ་སྨན་རྒྱག་པ་དང་། ཟླ་བ་རེ་བཞིན་འབུ་འདེད་དགོས། 

༤. བཟའ་བཅའི་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་ལ། ཟས་སྔོན་དང་བཙོག་གཅིན་འདོར་རྗེས་ལག་པ་འཁྲུ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱེད་དགོས། 

༥. དུས་བཀག་ཐོག་གཟུགས་གཞི་བརྟག་དཔྱད་དང་། Bསྒྲ་འདས་དང་X-འོད་ཐིག་གི་བརྟག་དཔྱད་བྱ་དགོས། 


སྲིན་ཐུམ་སྔོན་འགོག་བྱ་བ་ལ། །བདེ་ཐང་སློབ་གསོ་གནད་འགག་ཡིན། ། 

རྒྱུག་ཆུས་ལག་པ་འཁྲུ་བ་དང་། །ཡང་ཡང་འཕུར་ལ་ཁྲུས་རྫས་སྤྱོད། ། 

ཆུ་འཁྱགས་གྲངས་མོ་མི་བཏུང་ལ། །ཕྱུགས་ཟོག་མི་རེག་ཁྱིར་མི་རྩེ། ། 

ཟླ་རེར་དུས་བཀག་ཁྱི་འབུ་འབུད། །ནད་ཅན་ནང་ཁྲོལ་ཁྱིར་མི་སྟེར། ། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།