ཞོགས་པར་ཆུ་ཁོལ་མ་འཐུང་བའི་ཕན་ནུས་རགས་ཙམ།

ཆུ་ཁོལ་མ་འཐུང་བའི་ཕན་ནུས།      

640-1.jpeg

ཆུ་ཁོལ་མ་འཐུང་བ་ནི་ཆེས་ལེགས་པའི་གདམ་ག་ཞིག་ཡིན། ཆུ་ཁོལ་ནི་རང་བྱུང་གི་རྣམ་པར་གནས་པའི་ཆུ་དེ་རིམ་པ་མང་པོའི་ཆུ་སྙིགས་དྭངས་འབྱེད་སོགས་ཀྱི་བྱེད་ཐབས་བརྒྱུད་གདུས་ནས་ཐོན་པ་ཞིག་ཡིན་པས། ཆུའི་ནང་གི་སྐྱེ་དངོས་ཕྲ་རབ་སོགས་དྲོད་ཚད་མཐོན་པོའི་འོག་ཤི་ཟིན་ལ། ཆུ་ཁོལ་ཁྲོད་འདུས་པའི་ཀལ་དང་མཱེ་ཡི་གཞི་རྒྱུ་ནི་ལུས་ཕུང་བདེ་ཐང་ལ་ཕན་ཐོགས་ཧ་ཅང་ཆེ།

       མི་ལ་ལས་ཆུ་ཁོལ་ནང་ཚྭ་ཉུང་ཙམ་བཏབ་ནས་འཐུང་ན་ཕན་པ་ཆེ་བར་སྙམ། འོན་ཀྱང་། དེ་ནི་ནོར་འཆུག་ཅིག་རེད། ཞིབ་འཇུག་ལྟར་ན། མི་རྣམས་མཚན་མོར་གཉིད་ལོག་དུས་ཆུ་ཁམ་གང་ཡང་འཐུང་གིན་མེད་ན་ཡང་། འབྱིན་རྔུབ་དང་རྔུལ་ཆུ། གཅིན་ཟགས་སོགས་ཀྱི་ལུས་ཁམས་འགུལ་སྐྱོད་སྔར་བཞིན་བྱེད་ཀྱིན་ཡོད་པས། མིའི་ལུས་ཕུང་ནང་གི་ཆུ་མང་པོ་ཞིག་ཟད་ཤོར་བྱུང་ཡོད། དེ་བས། ཞོགས་པར་མལ་ལས་ལངས་མ་ཐག་ཆུ་ཁོལ་དྲོད་འཇམ་ཉུང་ཙམ་འཐུང་ན་ཁྲག་རྒྱུན་འཁོར་རྒྱུག་དང་ལུས་ཕུང་གི་ཆུ་གསབ་སྤྲོད་སོགས་ལ་ཕན་ཐོགས་ཆེའོ། །

640-2.jpeg

གཅིག དྲོད་ཚད་ག་ཙམ་ཡིན་དགོས།

ལན། གདུས་ཟིན་པའི་ཆུ་ཁོལ་མ་དེ་ཅུང་ཙམ་འཁྱག་སར་བཞག་ནས་དྲོད་ཚད20-25℃བབས་ན་འཐུང་བར་འཚམ་པོ་ཡོད།


གཉིས། མང་ཉུང་ཅི་ཙམ་འཐུང་དགོས།

ལན། 300mlཆེས་འཚམ་པ་ཡིན།


གསུམ། ཇི་ལྟར་འཐུང་དགོས།

ལན། ཞོགས་པར་ཆུ་ཁོལ་མ་འཐུང་དུས་ངེས་པར་དུ་ལྟོ་སྟོང་སྟེ། ནངས་ཇ་མ་འཐུང་གོང་ཡིན་དགོས། དེ་མིན་ན་ཁྲག་འཁོར་རྒྱུག་དང་ཕོ་རྒྱུ་བཤལ་བར་ཕན་ཐོགས་མི་འབྱུང་། རབ་ཡིན་ན་དལ་མོར་འཐུང་དགོས།


བཞི། ཞོགས་པར་ཆུ་ཁོལ་མ་འཐུང་ན་ཕན་ནུས་ག་འདྲ་ཡོད།

ལན། 1.ཕུང་བོའི་ཆུ་ཁ་གསབ་བྱེད་པ། 2.རྟུག་སྐམ་འབྱུང་བར་སྔོན་འགོག་བྱེད་པ། 3.ཕོ་རྒྱུའི་སྟེང་གི་མི་གཙང་བ་བཤལ་བར་བྱེད་པ།  4.ཀླད་ཆེན་བྱེད་ནུས་གསལ་བར་བྱེད་པ།

640.jpeg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།