༄༅།།སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་གསོལ་འདེབས་བཞུགས་སོ།།

WechatIMG572.jpeg

༄༅།།སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང༌། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ་ཨིནྡྲ་བྷུ་ཏི་དང༌། །སིང་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨུ་པ་རཱ་ཛ་གོ་མ་དེ་ཝའི་ཞབས། །སློབ་དཔོན་ཀུ་ཀུ་རཱ་ཛ་ཕྱི་མ་དང༌། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་རྩལ། །པྲ་བྷ་ཧསྟི་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དངོས་པདྨ་སམ་བྷ་ཝ། །སྒེག་རྡོར་སངས་རྒྱས་གསང་བ་བཱི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་པ་གཉིས། །ཞང་སྟོན་རྒྱལ་ཡོན་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང༌། །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག །ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང༌། །ཟུར་ཆུང་ཤེར་གྲགས་རྣམས་ལ་གསོལ་བ་འདེབས། །ཐུགས་སྲས་ཀ་ཆེན་བཞི་དང་སྒྲོ་ཕུག་པ། །སྙེ་སྟོན་ཆོས་སེང་གཙང་ནག་འོད་འབར་དང༌། །མེས་སྟོན་མགོན་པོ་ཤེས་རབ་ཚུལ་ཁྲིམས་དང༌། །རྟ་ནག་བདུད་འདུལ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་འཕེལ་དང་བྱམས་པ་སེངྒེ་དང༌། །འགྲོ་སྟོན་བསམ་འགྲུབ་སྒྲོལ་ཆེན་སངས་རྒྱས་མཚན། །གཞོན་ནུ་དཔལ་དང་ཡེ་ཤེས་དཔལ་བཟང་པོ། །རིན་ཆེན་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །ཉི་ཟླ་སངས་རྒྱས་འཁོན་རིགས་ཚེ་དབང་དང༌། །དཔལ་འབྱོར་ལྷུན་གྲུབ་བཀྲ་ཤིས་ཀུན་དགའ་དང༌། །འཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེ་དང༌། །ངག་དབང་ཆོས་དཔལ་རྣམས་ལ་གསོལ་བ་འདེབས། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། པདྨ་བསྟན་འཛིན་ཨོ་རྒྱན་བསྟན་རྡོར་དང་། །ཆོས་ཀྱི་གྲགས་པ་འཇིགས་མེད་ངོ་མཚར་ཞབས། །པདྨ་བཀྲ་ཤིས་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང༌། །ངག་གི་དབང་ཕྱུག་པདྨའི་མཚན་ཅན་ཞབས། ༼།འཇམ་དཔལ་དབྱངས་དངོས་མི་ཕམ་རྣམ་པར་རྒྱལ། །ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །བཤེས་གཉེན་ཆེན་པོ་ཐུབ་བསྟན་ཆོས་འཕེལ་དང་། གསང་རྒྱུད་མཛོད་འཛིན་འཕྲིན་ལས་དབང་རྒྱལ་སོགས། སྙིང་པོའི་རྒྱུད་རྒྱལ་ལེགས་པར་འཛིན་པ་ཡི། རིམ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས།  །ཁྱད་པར་རྒྱུད་ཀྱི་རྒྱལ་པོའི་མཐར་ཐུག་དོན། །ལེགས་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཡིས། །གསལ་མཛད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནས། །རིམ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །གཞན་ཡང་གསང་ཆེན་སློབ་བཤད་སྙིང་པོའི་སྲོལ། །འཛིན་མཛད་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞབས། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་དང་། 

WechatIMG573.jpeg

《 དཔེ་རྙིང་། 》

༼།འཇིགས་མེད་འཕྲིན་ལས་འཇིགས་མེད་སྐལ་བཟང་མཚན། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །ཨོ་རྒྱན་བསྟན་འཛིན་གཞན་ཕན་སྣང་བ་རྗེ། །བསྟན་པའི་ཉི་མ་ཐུབ་བསྟན་སྙན་གྲགས་དང་། །པདྨ་ཚེ་དབང་ངག་དབང་ནོར་བུའི་ཞབས། །རྟོགས་ལྡན་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །བརྒྱུད་གསུམ་བླ་མའི་དགོངས་དོན་བདུད་རྩིའི་བཅུད། །རྨད་བྱུང་ཐུགས་ཀྱི་གསང་བ་སྙིང་པོའི་རྒྱུད། །སྙིང་གི་དཔལ་བེར་སྩོལ་བའི་བཀའ་དྲིན་ཅན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཟུང་འཇུག་འབྲས་བུའི་ཡེ་ཤེས་བླ་མེད་པ། །རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཡི། །ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཅས། །སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས། །དག་མཉམ་གཞི་ཡི་གནས་ལུགས་ཇི་བཞིན་རྟོགས། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་མཐའ་རུ་ཕྱིན། །ཟུང་འཇུག་འབྲས་བུའི་ཡེ་ཤེས་མངོན་གྱུར་ནས། །མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བཤད་དང་སྒྲུབ་པས་སྙིང་པོའི་བསྟན་པ་འཕེལ། །རྩ་གསུམ་སྲུང་མ་དགྱེས་པའི་གཟི་བྱིན་གྱིས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག

ཅེས་པའང་སྒྱུ་འཕྲུལ་བརྒྱུད་འདེབས་ལ་བཤད་བཀའི་ཕྱོགས་ཀྱི་ཁ་སྐོང་དང་སྨོན་ལམ་བཅས་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ།། འཇམ་མགོན་མི་ཕམ་པའི་ཞལ་སྔ་ནས་མཛད་པའི་བརྒྱུད་འདེབས་དཔེ་རྙིང་ལ་རྗེ་ཉིད་ནས་བདག་ཅག་གི་བླ་མའི་བར་རིམ་བརྒྱུད་ལྟར་དང་། གཞན་བརྒྱུད་སྲོལ་ཀུན་འདུས་ཀྱི་ལུགས་སུ་བསྟན་འཛིན་ལུང་རྟོགས་ཉི་མས་ལྕགས་གླང་ལོར་རྒྱུད་བཤད་ཀྱི་དགོས་མཁོར་ཁ་སྐོང་བྱས་པའོ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།