གྲུབ་དབང་རྫོགས་ཆེན་དགོན་པའི་བཀའ་མའི་སྒྲུབ་མཆོད་ཀྱི་རྡུལ་ཚོན་དཀྱིལ་འཁོར།

སྔ་འགྱུར་རྩ་བའི་གདན་ས་གྲུབ་དབང་རྫོགས་ཆེན་དགོན་པའི་དཀའ་མའི་སྒྲུབ་མཆོད་ཆེན་མོ་ནི་མཆོད་ཁག་བཅུ་ཕྲག་ལྷག་གི་དངོས་གཞིའི་སྒྲུབ་པ་ཉིན་བདུན་དང་རྩ་དྲུག་གར་གསུམ་གྱི་རྡོ་རྗེའི་གར་འཆམ་ཉིན་གསུམ་བཅས་ལོ་རྒྱུས་རིང་ཞིང་སྔ་འགྱུར་རྙིང་མའི་དགོན་སྡེའི་རིག་གནས་ཀྱི་ཆོ་ག་ཕྱག་སྲོལ་རྩ་ཆེན་ཞིག་ཡིན་ནོ།།

WechatIMG562.jpeg

WechatIMG595.jpeg

WechatIMG593.jpeg

སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ།

WechatIMG586.jpeg

མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན།  བསྟན་བདག་ཁྲི་པ་རྫོགས་ཆེན་མཆོག་གླིང་། མཁན་ཆེན་ཁྲི་བ་ལི་ཐང་ཨ་ཆོས།  བསྟན་བདག་ཁྲི་ཟུར་འབྲུག་ཆེན་མཐུ་སྟོབས་རྣམ་རྒྱལ།

《  རྩ་འཆམ་བརྙན་ཐུང་། 》

སྔ་འགྱུར་རྙིང་མའི་གདན་ས་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ། ཡེ་ཤེས་རྔམ་པ་གློག་གི་རྒྱུད་ཀྱི་དགོངས་པ་ལྟར་སྔ་འགྱུར་བཀའ་མ་ཁྲོ་བོའི་རྩ་འཆམ་གྱིས་དཀྱིལ་འཁོར་གྱི་ས་གཞི་བྱིན་གྱིས་བརླབས་པའི་དངོས་གཞིའི་གར་འཆམ་ཆེན་མོ། འདི་ནི་སྔ་འགྱུར་རྙིང་མའི་གར་འཆམ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་ལ་ཉིན་གང་བོར་འཆམ་དགོས།

WechatIMG564.jpeg

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།