༄༅། །བྱང་ཆུབ་སེམས་སྡོམ་བརྒྱུད་པའི་གསོལ་འདེབས་བཞུགས་སོ།།

WechatIMG2355.jpeg

སྟོན་མཆོག་ལྷ་མིའི་བླ་མ་ཤཱཀྱའི་གཙོ། །

རྒྱལ་སྲས་འཇམ་དཔལ་དབྱངས་དང་ཞི་བ་ལྷ། །

ཛེ་ཏཱ་རི་དང་ཟླ་གྲགས་ཆུང་བའི་ཞབས། །

ཇོ་བོ་གུ་ཎ་ཤྲཱི་ལ་གསོལ་བ་འདེབས། །

ཀུ་ན་ཀ་ཤྲཱི་སུ་མ་ཏི་ཀིརྟི། །

བློ་ལྡན་ཤེས་རབ་སློབ་དཔོན་ཇོ་བཙུན་པ། །

མཁས་པ་བུ་སྟོན་ཐུགས་སྲས་ལོ་ཙཱ་བ། །

གཡག་ཕྲུག་སངས་རྒྱས་དཔལ་ལ་གསོལ་བ་འདེབས། །

སངས་རྒྱས་འཕེལ་དང་ཕྲིན་ལས་མི་བསྐྱོད་རྗེ། །

དཀོན་མཆོག་འབྱུང་གནས་ཀརྨ་ཆགས་མེད་ཞབས། །

གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་རྗེར། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས།  །

ནམ་མཁའ་འོད་གསལ་ཐེག་མཆོག་བསྟན་འཛིན་དང་། །

བཀྲ་ཤིས་རྒྱ་མཚོ་རིག་འཛིན་བཟང་པོའི་ཞབས། །

སེམས་དཔའ་ཆེན་པོ་པདྨ་བཀྲ་ཤིས་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་རྗེ། །

འཇིགས་མེད་ངོ་མཚར་འཇིགས་མེད་ཆོས་ཀྱི་དབང་། །

ཨོ་རྒྱན་བསྟན་འཛིན་གཞན་ཕན་སྣང་བའི་ཞབས། །

ཡོན་ཏན་མགོན་པོ་བསྟན་པའི་རྒྱལ་མཚན་སོགས། །

བྱང་ཆུབ་སེམས་ཀྱི་མངའ་བདག་ཐམས་ཅད་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

ཚད་མེད་བཞི་ཡི་ཞིང་ས་གཤིན་པོ་ལ། །

བྱང་ཆུབ་སེམས་ཀྱི་མྱུ་གུ་རབ་ཏུ་འཁྲུངས། །

ཕྱིན་དྲུག་ལམ་གྱི་འབྲས་བཟང་ཆེར་སྨིན་ཏེ། །

ཁམས་གསུམ་འགྲོ་བའི་ཉེར་འཚོའི་གཞིར་གྱུར་ཅིག ། 

བདག་གཞན་མཉམ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས། །

བདག་གཞན་གཉིས་འཛིན་འཆིང་བ་ཀུན་བཅད་ནས། །

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་དང་། །

བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །

གྲུབ་དབང་རྫོགས་ཆེན་པ་ནས་བརྒྱུད་པའི་བཀའ་སྲོལ་གཉིས་འདྲེས་བྱང་ཆུབ་སེམས་སྡོམ་གྱི་བརྒྱུད་པའི་གསོལ་འདེབས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་གསུང་བྱིན་ཆེ་བ་བཞུགས་པ་ལ། རྗེ་དེ་ཉིད་ནས་བདག་ཅག་གི་བླ་མའི་བར་བསྟན་འཛིན་ལུང་རྟོགས་ཉི་མས་ཁ་སྐོང་བྱས་པའོ།།


u=3887372329,2020703371&fm=26&gp=0.jpg

འཇལ་དཔལ་ནས་ཞི་བ་ལྷ་ལ་བརྒྱུད་པའི་སེམས་བསྐྱེད་བརྒྱུད་འདེབས་ནི། 


ཚོགས་གཉིས་རབ་རྫོགས་རྣམ་འདྲེན་ཤཱཀྱའི་ཏོག །

འཇམ་པའི་རྡོ་རྗེ་རྒྱལ་སྲས་ཞི་བ་ལྷ། །

ཨེ་ལ་དྷ་རི་པ་དང་རིན་ཆེན་དཔལ། །

གསོལ་བ་འདེབས་སོ་གཞན་ཕན་མཐརཕྱིན་ཤོག །

བྷ་ཝ་བཛྲ་ཆོས་གྲགས་མར་མེ་མཛད། །

སུ་མ་ཏི་དང་རྔོག་ལོ་ཚེ་སྤང་བ། །

ཕྱྭ་བ་ཆོས་སེང་དར་མ་བཀྲ་ཤིས་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཤེས་རབ་བློ་གྲོས་ཤེས་རབ་དབང་ཕྱུག་དང་། །

ཤེས་རབ་བརྩོན་འགྲུས་དབེན་དགེ་ཤཱཀྱ་སེང་། །

ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་ཆོས་རྗེ་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཁྱབ་གདལ་ལྷུན་གྲུབ་གྲགས་པ་འོད་ཟེར་དང་། །

སངས་རྒྱས་དབོན་པོ་ཆོས་རྗེ་ཟླ་བ་གྲགས། །

ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོར། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་ཞབས། །

མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དཔལ། །

འགྱུར་མེད་རྡོ་རྗེ་འགྱུར་མེད་འོད་གསལ་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཆོས་དབྱིངས་རང་གྲོལ་པདྨ་བཤེས་གཉེན་དང་། །

བསྟན་པའི་རྒྱལ་མཚན་ཀུན་བཟང་གཞན་ཕན་ཞབས། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་། །

པདྨ་བཛྲ་བསྟན་འཛིན་ནོར་བུའི་ཞབས། །

གཞན་ཕན་སྣང་བ་ཐེག་མཆོག་བློ་ལྡན་དང་། །

ཡོན་ཏན་མགོན་པོ་བསྟན་པའི་རྒྱལ་མཚན་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས། །

རྙེད་དཀའི་རྟེན་ལས་སྙིང་པོ་ལེན་སྤྲོ་ཞིང་། །

མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི །

ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག །

སྲིད་བདེ་འཁྲུལ་བ་ཤེས་ནས་ཐར་བའི་སྒོར། །

བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས། །

འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི། །

བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས། །

སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན། །

རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང་། །

སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །

འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག །

timg-2.jpeg

ཅེས་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི་བརྒྱུད་འདེབས་ལ། རྗེ་དེ་ཉིད་ནས་བདག་ཅག་གི་བླ་མའི་བར་བརྒྱུད་སྲོལ་བཞིན་གསོལ་འདེབས་ཁ་སྐོང་བརྒྱུད་པ་པོ་ནི།  གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མའོ། །

IMG_5451.JPG

འཇམ་དཔལ་ནས་ཀླུ་སྒྲུབ་ལ་བརྒྱུད་པའི་སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་པའི་གསོལ་འདེབས་ནི། 


རྣམ་འདྲེན་སྟོབས་བཅུའི་མགོན་པོ་ཤཱཀྱའི་ཏོག །

རྒྱལ་སྲས་འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས། །

རིག་པའི་ཁུ་བྱུག་ཀུ་སཱ་ལ་ཆེ་ཆུང་། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཇོ་བོ་ཐང་པ་ཛ་དང་འཇིགས་མེད་འབྱུང་། །

ཟླ་རྒྱལ་གྲོ་ལུང་པ་དང་བྱང་ཆུབ་འོད། །

རྨ་བྱ་ཤཱག་སེང་མཆིན་ཆེན་སྨོན་ཚུལ་བ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

བྱང་ཆུབ་གྲུབ་པ་གཞོན་རྡོར་ཀུན་མཁྱེན་རྗེ། །

ཁྱབ་གདལ་ལྷུན་གྲུབ་གྲགས་འོད་སངས་རྒྱས་དབོན། །

ཟླ་གྲགས་ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་ཞབས། །

མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དཔལ། །

འགྱུར་མེད་རྡོ་རྗེ་འགྱུར་མེད་འོད་གསལ་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཆོས་དབྱིངས་རང་གྲོལ་པདྨ་བཤེས་གཉེན་དང་། །

བསྟན་པའི་རྒྱལ་མཚན་ཀུན་བཟང་གཞན་ཕན་ཞབས། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་། །

པདྨ་བཛྲ་བསྟན་འཛིན་ནོར་བུའི་ཞབས། །

གཞན་ཕན་སྣང་བ་ཐེག་མཆོག་བློ་ལྡན་དང་། །

ཡོན་ཏན་མགོན་པོ་བསྟན་པའི་རྒྱལ་མཚན་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས། །

རྙེད་དཀའི་རྟེན་ལས་སྙིང་པོ་ལེན་སྤྲོ་ཞིང་། །

མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི །

ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག །

སྲིད་བདེ་འཁྲུལ་བ་ཤེས་ནས་ཐར་བའི་སྒོར། །

བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས། །

འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི། །

བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས། །

སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན། །

རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང་། །

སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །

འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག །


ཅེས་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི་བརྒྱུད་འདེབས་ལ། རྗེ་དེ་ཉིད་ནས་བདག་ཅག་གི་བླ་མའི་བར་བརྒྱུད་སྲོལ་བཞིན་གསོལ་འདེབས་ཁ་སྐོང་བརྒྱུད་པ་པོ་ནི།  གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མའོ། །


བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་ནི།


དོན་གཉིས་མཐར་ཕྱིན་རྣམ་འདྲེན་ཟས་གཙང་སྲས། །

རྒྱལ་ཚབ་མ་ཕམ་ཐོགས་མེད་དབྱིག་གི་གཉེན། །

རྣམ་གྲོལ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སྣང་མཛད་སེང་བཟང་སངས་རྒྱས་ཡེ་ཤེས་ཞབས། །

གུ་ཎ་མི་ཏྲ་རིན་ཆེན་ཟླ་བ་བཟང་། །

བསྟན་སྐྱོང་རྔོག་ལོ་འབྲེ་ཆེན་ཤེས་རབ་འབར། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

བྱང་ཆུབ་ཡེ་ཤེས་གཞོན་ཚུལ་ཞང་གཡེ་བ། །

གཞལ་ཞིག་འཆིང་ཏུ་ཆུ་མིག་སེང་གེ་དཔལ། །

ལྷོ་བྲག་པ་དང་བཙང་དགོན་དབེན་དགེ་བ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་ཆོས་ཀྱི་རྗེ། །

ཁྱབ་གདལ་ལྷུན་གྲུབ་གྲགས་འོད་སངས་རྒྱས་དབོན། །

ཟླ་གྲགས་ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་ཞབས། །

མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དཔལ། །

འགྱུར་མེད་རྡོ་རྗེ་འགྱུར་མེད་འོད་གསལ་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཆོས་དབྱིངས་རང་གྲོལ་པདྨ་བཤེས་གཉེན་དང་། །

བསྟན་པའི་རྒྱལ་མཚན་ཀུན་བཟང་གཞན་ཕན་ཞབས། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་། །

པདྨ་བཛྲ་བསྟན་འཛིན་ནོར་བུའི་ཞབས། །

གཞན་ཕན་སྣང་བ་ཐེག་མཆོག་བློ་ལྡན་དང་། །

ཡོན་ཏན་མགོན་པོ་བསྟན་པའི་རྒྱལ་མཚན་ལ། །

གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །

ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས། །

རྙེད་དཀའི་རྟེན་ལས་སྙིང་པོ་ལེན་སྤྲོ་ཞིང་། །

མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི །

ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག །

སྲིད་བདེ་འཁྲུལ་བ་ཤེས་ནས་ཐར་བའི་སྒོར། །

བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས། །

འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི། །

བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས། །

སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན། །

རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང་། །

སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །

འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག །


ཅེས་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི་བརྒྱུད་འདེབས་ལ། རྗེ་དེ་ཉིད་ནས་བདག་ཅག་གི་བླ་མའི་བར་བརྒྱུད་སྲོལ་བཞིན་གསོལ་འདེབས་ཁ་སྐོང་བརྒྱུད་པ་པོ་ནི།  གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མའོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།