བསྐལ་བཟང་སངས་རྒྱས་སྟོང་ལ་བརྟེན་ནས་ཚོགས་གསོག་སྒྲིབ་པ་སྦྱོང་བའི་འཇུག་སྒོ་བྱང་ཆུབ་ཡན་ལག་བདུན་ལྡན།

src=http---img5.artron.net-auction-2013-art002306-d-art0023060989.jpg&refer=http---img5.artron.net&app=2002&size=f9999,10000&q=a80&n=0&g=0n&fmt=jpeg.jpeg

༄༅། །བསྐལ་བ་བཟང་པོའི་སངས་རྒྱས་སྟོང་ལ་བརྟེན་ནས་ཚོགས་གསོག་སྒྲིབ་པ་སྦྱོང་བའི་འཇུག་སྒོ་བྱང་ཆུབ་ཡན་ལག་བདུན་ལྡན་ཞེས་བྱ་བ་བཞུགས་སོ།། 

 

 ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ཆེན་བསྒྲུབ་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ།

 

ཨོཾ་ཨ་ཧཱུྃ། འཁོར་བ་འཇིག་དང་གསེར་ཐུབ་དང་།  །འོད་སྲུང་ཤཱཀྱ་ཐུབ་བྱམས་པ་དང་།  །སེང་གེ་རབ་གསལ་ཐུབ་པ་དང་། །མེ་ཏོག་མཚན་ཅན་རྣམ་གཉིས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྤྱན་ལེགས་དེད་དཔོན་ལག་ཆེན་དང་། །སྟོབས་ཆེན་རྒྱུ་སྐར་རྒྱལ་པོ་དང་། །རྩི་སྨན་སྙན་པ་ཏོག་འོད་ཆེན། །གྲོལ་ཕུང་རྣམ་སྣང་ཉི་སྙིང་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟླ་བ་འོད་འཕྲོ་འོད་བཟང་དང་།  །མྱ་ངན་མེད་དང་སྐར་རྒྱལ་དང་།  །རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད།  །དོན་གཟིགས་དང་ནི་མར་མེ་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཐུ་ལྡན་དང་ནི་སྨན་པ་དང་། །བདེ་གཤེགས་དེས་པ་མཛོད་སྤུ་དང་། །བརྟན་ལྡན་དང་ནི་ལྷ་ཡི་དཔལ།  །གདུལ་དཀའ་ཡོན་ཏན་རྒྱལ་མཚན་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྒྲ་གཅན་ཚོགས་ལྡན་ཚངས་པའི་དབྱངས།  །ཚིགས་བརྟན་དང་ནི་མི་འགྱིང་དང་།  །འོད་མཛད་ལྷུན་པོ་ཆེན་པོ་དང་།  །རྡོ་རྗེ་སྡོམ་ཅན་མི་བསྙེངས་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་པད་སྤྱན་སྟོབས་སྡེ་དང་།  །མེ་ཏོག་འོད་ཟེར་ཡེ་ཤེས་དགྱེས།  །གཟི་ཆེན་ཚངས་པ་འོད་དཔག་མེད།  །ཀླུ་སྦྱིན་དང་ནི་བརྟན་གཤེགས་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དོན་ཡོད་མཐོང་དང་བརྩོན་འགྲུས་སྦྱིན།  །བཟང་སྐྱོང་དགའ་བོ་འཆི་མེད་དང་།  །སེང་གེའི་རྒྱལ་མཚན་རྒྱལ་བ་དང་། །ཆོས་ལྡན་མཆོག་དགའ་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཁ་ལོ་སྒྱུར་དང་དགྱེས་པར་གཤེགས། །ཆུ་ལྷ་དང་ནི་ཡོན་ཏན་ལག  །སྤོས་ཀྱི་གླང་པོ་རྣམ་པར་གཟིགས།  །འབྲུག་སྒྲ་དང་ནི་ལེགས་སེམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡིད་བཟང་དྲི་མེད་ཟླ་བ་དང་།  །གྲགས་ཆེན་གཙུག་ན་ནོར་བུ་དང་།  །དྲག་ཤུལ་སེང་གེའི་སྟབས་ལྗོན་པ། །རྣམ་པར་རྒྱལ་བའི་མཚན་ཅན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཤེས་རབ་བརྩེགས་དང་ལེགས་གནས་དང་། །བློ་གྲོས་དང་ནི་ཡན་ལག་སྐྱེས།  །བློ་གྲོས་མཐའ་ཡས་གཟུགས་བཟང་དང་།  །འདྲེན་པ་མཁྱེན་ལྡན་འོད་ཟེར་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བརྟུལ་ཞུགས་བརྟན་དང་བཀྲ་ཤིས་དང་། །བདེན་པའི་ཏོག་དང་པད་མ་དང་། །སྲེད་མེད་བུ་དང་ལག་བཟང་དང་། །ཡེ་ཤེས་འབྱུང་གནས་ཡོན་འོད་འཕྲོར།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཚངས་བྱིན་རིན་ཆེན་འབྱུང་གནས་དང་། །ལྷ་ཡི་མེ་ཏོག་དོན་ལེགས་སེམས། །ཆོས་ཀྱི་དབང་ཕྱུག་བློ་གྲོས་གྲགས།  །མི་མཆོག་སྤོབས་པ་བརྩེགས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྐྱེས་མཆོག་རྡོ་རྗེ་རྒྱལ་མཚན་དང་། །འཇིག་རྟེན་རྣམ་འདྲེན་ཕན་བཞེད་པ། །བདེ་གཤེགས་རྣམ་པར་རོལ་ལྡན་དང་། །སངས་རྒྱས་མུན་དང་བྲལ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྒྲ་གཅན་ལྷ་ཞེས་བྱ་བ་དང་། །ཆོས་རྒྱལ་རི་བོའི་རྒྱལ་མཚན་དང་། །བདེ་བར་གཤེགས་པ་ཚོགས་ཅན་འོད། །སངས་རྒྱས་རིན་ཆེན་སྙིང་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཤིན་ཏུ་མཐོར་གཤེགས་སྐར་རྒྱལ་དང་། །བདེ་བར་གཤེགས་པ་རུ་རིངས་དང་། །མཚུངས་མེད་ཡོན་ཏན་གྲགས་པ་དང་། །ཉི་ཟླ་ཉི་མའི་འོད་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་སྐར་མཁན་སེང་གེའི་ཏོག  །མི་བདག་དུས་མཁྱེན་རྒྱལ་པོ་དང་། །དཔལ་གྱི་སྙིང་པོ་སྲིད་མཐའ་གཟིགས།  །གློག་འོད་གསེར་གྱི་རི་བོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྤྱན་ལྡན་སེང་གེས་བྱིན་པ་དང་།  །གཞན་གྱིས་མི་ཐུབ་རྒྱལ་མཚན་དང་། །བདེ་གཤེགས་མཆོག་དགའ་གྲགས་པ་དང་། །བརྩོན་འགྲུས་བརྟན་དང་གྲགས་རྫོགས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བསྙེངས་བྲལ་དང་ནི་མཆོད་འོས་ལྷ། །སྒྲོན་མ་ཆེན་པོ་འཇིག་རྟེན་འོད། དེ་བཞིན་གཤེགས་པ་སྤོས་དྲི་ཞིམ། །སངས་རྒྱས་ཡོན་ཏན་མཆོག་འཛིན་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རང་བྱུང་མཚུངས་མེད་མུན་པ་བྲལ།  །སེང་གེའི་འགྲམ་པ་རིན་ཆེན་གྲགས། །བདེ་གཤེགས་སྐྱོན་རབ་ཞི་བ་དང་། །བདུད་རྩི་འཆང་དང་མིའི་ཟླ་བར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཤིན་ཏུ་གཟིགས་དང་རབ་ཏུ་བརྒྱན། །དེ་བཞིན་གཤེགས་པ་ནོར་བུའི་འོད། །འདྲེན་པ་རི་བོ་བརྩེགས་པའི་ཏོག །ཆོས་ཀྱི་འབྱུང་གནས་ཚིམས་སྦྱིན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་འབྱུང་གནས་སྐྱེ་དབང་མཚུངས།  །སྟབས་ཀྱིས་གཤེགས་དང་བློ་གནས་པ། །དེ་བཞིན་གཤེགས་པ་གདུགས་མཛེས་དང་།  །འཇིག་རྟེན་མགོན་པོ་གཙོ་བོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཤིན་ཏུ་འཕགས་དཔལ་སེང་གེའི་སྒྲ།  །སྐྱེས་བུ་རྣམ་པར་རོལ་ལྡན་དང་།  །དེ་བཞིན་གཤེགས་པ་ཀླུ་ཡི་འོད། །མེ་ཏོག་རི་བོ་ཀླུ་དགའ་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྤོས་ཀྱི་དབང་ཕྱུག་ཤིན་ཏུ་གྲགས། །སྟོབས་ལྷ་ཡོན་ཏན་ཕྲེང་ལྡན་དང་། ཀླུ་ཡི་ལག་དང་མིག་བརྒྱན་དང་། །ལེགས་པར་སྦྱངས་པའི་བློ་དག་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟིལ་ནོན་ཡེ་ཤེས་མཐའ་ཡས་སྤྱན། །བདེན་པར་གསུང་དང་ཉི་མའི་འོད། ངེས་པའི་བློ་དང་མཐའ་ཡས་གཟུགས།  །བདེ་གཤེགས་རྣམ་པར་སྣང་མཛད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་ཏོག་དང་ཐེ་ཚོམ་སྤངས།  །བདེ་གཤེགས་འཇིག་རྟེན་འདས་པ་དང་།  །དོན་ཡོད་རྣམ་པར་གནོན་པ་དང་། །རྟོག་མཛད་མེ་ཏོག་རྒྱལ་མཚན་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རི་དབང་རྒྱལ་པོ་གཟི་བརྗིད་ཆེ། །སངས་རྒྱས་དོན་མཛད་གཟིགས་པ་དང་།  །གྲགས་པ་མཐའ་ཡས་རིན་ཆེན་ལྷ། །དོན་གནས་མཁྱེན་དང་བློ་རྫོགས་པར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མྱ་ངན་མེད་དང་དྲི་མ་བྲལ། །ཚངས་ལྷ་ས་ཡི་དབང་ཕྱུག་དང་། །དེ་བཞིན་གཤེགས་པ་མེ་ཏོག་སྤྱན། །སངས་རྒྱས་རྣམ་པར་འབྱེས་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཆོས་ཀྱི་འོད་དང་ཀུན་ནས་གཟིགས། །ཡོན་ཏན་འོད་གསལ་ཟླ་བའི་ཞལ།  །རིན་ཆེན་འོད་དང་རིན་ཆེན་ཏོག།  །གྲགས་པའི་བླ་མ་འོད་བྱེད་པར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གཟི་བརྗིད་དཔག་མེད་དུས་མཁྱེན་དང་། །སེང་གེའི་སྐུ་དང་མཁས་པའི་བློ།  །རྒྱལ་དཀའ་ཡོན་ཏན་ཕུང་པོ་དང་།  །ཟླ་བའི་ཏོག་དང་མཐུ་ཐོབ་པར།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཐུ་རྩལ་མཐའ་ཡས་ཟླ་བ་དང་། །དྲི་མེད་དོན་རྣམས་ཐམས་ཅད་གཟིགས། །དཔའ་བོ་དང་ནི་འབྱོར་པར་ལྡན། །དེ་བཞིན་གཤེགས་པ་བསོད་ནམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྒྲོན་མ་ཡོན་ཏན་འོད་འཕྲོ་པ། །བདེ་གཤེགས་བློ་ཡངས་ལེགས་སྐྱེས་དང་། །ནོར་ལྷ་ཡིད་གཉིས་སྤོང་བ་དང་།  །འཛིན་པ་དཔག་མེད་མཆོག་སྲེད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཆོམས་མེད་མི་གནས་བདེ་བར་གནས།  །འདྲེན་པ་ཚོགས་ཅན་གཙོ་བོ་དང་། །འགྲོ་བའི་འོད་ཟེར་ཕལ་ཆེན་རྒྱལ། །སངས་རྒྱས་གཟི་བརྗིད་མཐའ་ཡས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དོན་གྱི་བློ་གྲོས་སྨན་པའི་རྒྱལ།  །ཐ་བ་སྤངས་དང་རིམས་ནད་མེད། །ལེགས་བྱིན་གྲགས་བྱིན་མེ་ཏོག་བྱིན། །སྐྱེས་བུས་བྱིན་དང་རྡོ་རྗེ་སྡེར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཕལ་ཆེན་བྱིན་དང་ཞི་བློ་གྲོས། །སྤོས་ཀྱི་གླང་པོ་སྲེད་མེད་བུ། །དེས་པ་མི་ཚུགས་ཉི་ཟླ་དང་། །གློག་གི་ཏོག་དང་མཆོད་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དཔལ་སྦས་ཡེ་ཤེས་ཉི་མ་དང་། །དོན་གྲུབ་ལྷུན་པོ་བརྩེགས་པ་དང་། །དགྲ་འདུལ་པད་མ་དགྲ་བཅོམ་གྲགས། །བདེ་གཤེགས་ཡེ་ཤེས་འགྲོས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཉོན་མོངས་བྲལ་བ་འདམ་བུ་དང་། །སྤོས་བཟངས་ཡུལ་འཁོར་རངས།  །ལྷ་གྲགས་སྲིད་མཐའ་གཟིགས་པ་དང་། །ཟླ་བ་དང་ནི་སྒྲ་གཅན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེ་གཤེགས་རིན་ཆེན་ཟླ་བ་དང་།  །སེང་གེའི་རྒྱལ་མཚན་བསམ་གཏན་དགྱེས།  །རྫོགས་ལྡན་རྣམ་པར་རོལ་པ་དང་། །སངས་རྒྱས་ཡོན་ཏན་རིན་ཆེན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དགྲ་བཅོམ་གྲགས་དང་པད་མའི་ངོས། །མཛོད་སྤུ་ལྡན་དང་སྤོབས་པ་གྲགས། །རྡོ་རྗེ་ནོར་བུ་ཚེ་དཔག་མེད། །ནོར་བུ་བཀོད་པ་དབང་ཆེན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡོན་ཏན་འབྱུང་གནས་ལྷུན་པོ་གྲགས། འོད་ཟེར་བཅུ་པ་མ་སྨད་དང་། །གླང་པོའི་འགྲོས་དང་ཡིད་འཐད་པ། །རིན་ཆེན་ཟླ་བ་ཞི་བ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རབ་གསལ་རྒྱལ་པོ་ཁ་ལོ་སྒྱུར།  །འདྲེན་པ་དགའ་བའི་དབང་ཕྱུག་དང་། །གཙུག་ན་རིན་ཆེན་བསྙེངས་བྲལ་དང་། །བདེ་གཤེགས་རིན་ཆེན་སྙིང་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟླ་བའི་ཞལ་དང་དྲི་མེད་གྲགས། །ཞི་བའི་གཟི་བརྗིད་དགའ་བའི་ཏོག། །སྒྲ་གཅན་ལྷ་དང་ན་ཚོད་བཟང་།  །ལྷ་དགའ་རིན་ཆེན་ཕུང་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཛེས་གཤེགས་སེང་གེའི་ཕྱོགས་པ་དང་།  །ཤིན་ཏུ་མཐོར་གཤེགས་སྐྱེ་བའི་དབང་། །བློ་གྲོས་བཟང་དང་འཇིག་རྟེན་འོད། །འདྲེན་པ་རིན་ཆེན་གཟི་བརྗིད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྐལ་ལྡན་ཤིང་རྟ་ཀུན་རྒྱལ་དང་། །དགའ་བ་བཀོད་པ་སྟེགས་མཛད་དང་། །སྤོས་གླང་བློ་གྲོས་འོད་འཕྲོ་དང་།  །རི་བོའི་རྒྱལ་མཚན་སྤོས་བཟང་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཆོས་བརྟན་གཟི་བརྗིད་དྲག་ཤུལ་ཅན།  །ཆོས་ཀྱི་ནོར་བུ་བཟང་བྱིན་དང་། །སངས་རྒྱས་ཟླ་བ་ཚངས་པའི་དབྱངས། །སེང་གེའི་ཟླ་བ་དཔལ་ལེགས་སྐྱེས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཐུབ་མེད་ཚོགས་དང་གྲགས་པའི་བཤེས། །བདེན་པ་དཀའ་ཐུབ་ཆེན་པོ་དང་། །ལྷུན་པོའི་འོད་ཟེར་ཡོན་ཏན་བརྩེགས། །མཆོད་གྲགས་ཆོས་གྲགས་སྦྱིན་འོད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གློག་འབྱིན་བདེན་གསུང་འཚོ་བྱེད་དང་། ན་ཚོད་བཟང་པོ་ལེགས་ཚོགས་དང་།  །རྣམ་པར་ངེས་པའི་བློ་གྲོས་དང་། །སྲིད་མཐའ་ནོར་བུའི་སྤོས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རྒྱལ་བས་དགྱེས་ཞེས་བྱ་བ་དང་། སེང་གེའི་འོད་ཟེར་རྣམ་སྣང་མཛད། །གྲགས་མཆོག་ཐུགས་རབ་གཞུངས་པ་དང་།  །བདེ་གཤེགས་ནོར་བུ་ཟླ་བ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སངས་རྒྱས་དྲག་ཤུལ་འོད་ཟེར་དང་། །བརྟུལ་ཞུགས་ཐུབ་མེད་འགྲོ་བས་མཆོད། །ནོར་བུའི་ཚོགས་དང་བླ་མ་དང་། །གླང་ཆེན་སེང་གེ་ཟླ་བ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་འོད་ཟེར་སྒྲ་གཅན་སྦེད།  །ཡོན་ཏན་རྒྱ་མཚོ་འོད་ཟེར་ལྡན།  །རབ་ཏུ་ཞི་སྟབས་འཇིག་རྟེན་བཟང་།  །མྱ་ངན་མེད་པ་ཤུགས་བཅུ་པར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྟོབས་དགྱེས་པ་དང་མཐུ་དཔལ་དང་། །མཐུ་ཐོབ་པ་དང་མཐུ་ཆེན་པོ།  །ཡོན་ཏན་སྙིང་པོ་བདེན་པར་སྤྱོད།  །དགེ་མཆོག་རྒྱལ་པོ་སྐར་རྒྱལ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འོད་ཟེར་ཆེན་པོ་གློག་གི་འོད། །ཡོན་ཏན་རྒྱ་ཆེན་རིན་པོ་ཆེ། །དཔལ་འོད་བདུད་འདུལ་གོ་ཆ་བགོས། །བདེ་གཤེགས་སེང་གེའི་ཕྱག་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མེ་ཏོག་བཟང་དང་རིན་ཆེན་མཐོ། །རྒྱ་མཚོ་ས་འཛིན་དོན་བློ་མངའ། །དཔལ་ལྡན་ལེགས་པ་ཡོན་ཏན་བསགས།  །བདེ་གཤེགས་ཡོན་ཏན་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་མེ་ཏོག་འཇིག་རྟེན་འདས། །འཇིག་རྟེན་ཟླ་བ་དབྱངས་སྙན་དང་། །ཚངས་པའི་ཏོག་དང་ཚོགས་ཆེན་གཙོ།  །སེང་སྟབས་དྲག་ཤུལ་བྱིན་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྐྱེས་བུ་ཆོས་ཀྱི་དབང་ཕྱུག་དང་། །གཟི་བརྗིད་འོད་དང་འོད་ཟེར་ཆེ།  །རིན་ཆེན་གྲགས་པ་ཚོགས་ཅན་གསལ།  །བདེ་གཤེགས་གྲགས་པ་མཐའ་ཡས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འོད་ཟེར་དོན་ཡོད་ལྷའི་དྲང་སྲོང་། །སྐྱེ་བའི་དབང་པོ་དགེ་འདུན་བརྟན། །འདྲེན་པ་ཕྱོགས་བཟང་དང་ནི་ཏོག །ཡུལ་འཁོར་མེ་ཏོག་ཆོས་བློ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རླུང་གི་ཤུགས་ལྟར་གཤེགས་པ་དང་།  །ལེགས་བསམས་གྲགས་པ་སྣང་ལྡན་དང་། བདེ་གཤེགས་ལྷ་ཚོགས་ཡོན་ཏན་བསྲུངས། །དོན་གྱི་བློ་གྲོས་བསྙེངས་མེད་པར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གྲོགས་བརྟན་དང་ནི་འོད་གནས་མཚུངས།  །ནོར་ཞབས་ཐར་པའི་གཟི་བརྗིད་དང་། །ངོས་བཟངས་བློ་བཟང་ཀུན་ཏུ་གཟི་བརྗིད། །ཡེ་ཤེས་མཆོག་དང་ཚངས་གནས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེན་གསུང་བློ་བཟང་སྟོབས་བྱིན་དང་། །སེང་གེ་སྟབས་དང་མེ་ཏོག་ཏོག། །ཡེ་ཤེས་འབྱུང་གནས་མེ་ཏོག་བྱིན། །ཡོན་ཏན་སྙིང་པོ་རིན་གྲགས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གྲགས་པ་རྨད་བྱུང་མི་ཚུགས་དང་། །བདེ་གཤེགས་བསྙེངས་མེད་ཉི་མའི་འོད། །ཚངས་པར་གཤེགས་པ་ལྷའི་མཐུ་རྩལ། །ཡེ་ཤེས་དགྱེས་དང་ལྷ་བདེན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ནོར་བུའི་སྙིང་པོ་ཡོན་ཏན་གྲགས།  །ཡེ་ཤེས་དཔལ་དང་བཅིངས་པ་མེད།  །བརྟུལ་ཞུགས་བརྟན་དང་ལྷའི་གཟི་བརྗིད།  །ཚངས་ཐུབ་དལ་གྱིས་བཞུད་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སངས་རྒྱས་བརྟུལ་ཞུགས་དཀའ་ཐུབ་དང་།  །འོད་ཟེར་ཕུང་པོ་གཟི་བརྗིད་ཆེ།  །དེ་བཞིན་གཤེགས་པ་ཙམ་པ་ཀ། །དགའ་མཛད་ཚོགས་ཅན་བཟང་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དབང་པོའི་རྒྱལ་མཚན་དགྱེས་ཆེན་དང་།  །བདེ་གཤེགས་སྣ་མའི་མེ་ཏོག་འོད། །ཚོགས་ཅན་འོད་དང་སྐྲུན་མཛད་དང་། །མདངས་འགྲོ་དོན་ལེགས་ངེས་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཁྱུ་མཆོག་ལག་བཟང་འོད་ཟེར་ཆེ།  །བསམ་པས་བྱིན་དང་བསོད་ནམས་འོད། །རིན་ཆེན་དབྱངས་དང་རྡོ་རྗེའི་སྡེ།  །འབྱོར་ལྡན་སེང་གེའི་སྟོབས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དྲི་མེད་སྤྱན་དང་འོད་སྲུང་དང་། །བློ་གསལ་དང་ནི་ཡེ་ཤེས་འགྲོས།  །སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན། །འོད་ཟེར་ཆེན་པོ་ཉི་འོད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་དྲི་མེད་འོད།  །གཟི་བརྗིད་རྣམ་འབྱེས་ཁེངས་པ་མེད། །སྦྲང་རྩིའི་ཞལ་དང་ཟླ་བའི་འོད། །གློག་འབྱིན་རབ་ཞིར་གཤེགས་པ་ལ། གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མི་འཁྲུགས་དགྲ་བཅོམ་གྲགས་པ་དང་།  །ཆོས་ཀྱི་ཡོན་ཏན་ཞིང་བཟང་པོ། །བཀོད་པའི་རྒྱལ་པོ་མངོན་པར་འཕགས། །སྦྱིན་བསྲེག་འོད་འཕྲོ་པད་དཔལ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་བཀོད་དང་ཤིན་ཏུ་བཟང་།  །རིན་ཆེན་མཆོག་དང་ཐུགས་ཤིན་གཞུངས། །རྒྱ་མཚོས་བྱིན་དང་ཚངས་པའི་ཏོག། ཟླ་བའི་གདུགས་དང་འོད་འཕྲོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དྲི་མེད་རྒྱལ་པོ་ཡེ་ཤེས་གྲགས། །འདྲེན་པ་ཀུན་རྒྱལ་ཡོན་ཏན་འོད།  །སྒྲ་ནི་རྣམ་གྲགས་ཟླ་བ་རྒྱས། །བདེ་གཤེགས་པད་མའི་འོད་ཟེར་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་བརྟུལ་ཞུགས་བཟང་པོ་དང་། །སྒྲོན་མའི་རྒྱལ་པོ་གློག་གི་ཏོག། །འོད་ཟེར་རྒྱལ་པོ་སྐར་མཁན་དང་།  །གྲགས་པ་རྫོགས་ལྡན་དེ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །པད་མའི་སྙིང་པོ་རྒྱལ་བའི་མཚན། །སྤྱན་མཛེས་རྙོག་པ་མེད་པའི་དོན། །དྲག་ཤུལ་བསོད་ནམས་གཟི་བརྗིད་དང་། །མཐུ་རྩལ་ཅན་དང་ཐོགས་མེད་བློར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེ་བར་གཤེགས་པ་སྒྲ་གཅན་ལྷ། །ཡེ་ཤེས་ཕུང་པོ་ཁ་ལོ་སྒྱུར། །སྐྱེ་དབང་མཚུངས་དང་མེ་ཏོག་ཏོག། །སྒྲ་གཅན་འཛིན་དང་རྩི་སྨན་ཆེར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རྒྱུ་སྐར་རྒྱལ་པོ་སྨན་རྒྱལ་དང་། །བསོད་ནམས་གླང་པོ་གཅོད་༼མཆོད།༽མཛད་དང་།  །རྣམ་གྲགས་རྒྱལ་པོ་ཉི་མའི་འོད། །ཆོས་ཀྱི་མཛོད་བློ་གྲོས་བཟང་པོ་ལ། གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡོན་ཏན་དབང་མཚུངས་རྡོ་རྗེའི་སྡེ། །ཤེས་རབ་བརྩེགས་པ་ལེགས་པར་གནས། །བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག །བདེ་གཤེགས་འབྲུག་སྒྲ་དབྱངས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་མངོན་ཤེས་ཏོག །ཏོག་འོད་དགེ་བ་ཚངས་པ་དང་། །སྐྱེས་མཆོག་སྤྱན་སྡུག་ཀླུས་བྱིན་དང་། །བདེན་པའི་ཏོག་དང་བརྒྱན་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཞུམ་པ་མེད་དབྱངས་རིན་ཆེན་འོད། །སངས་རྒྱས་ཚངས་བྱིན་སེང་གེ་དང་། །འདྲེན་པ་འོད་ཟེར་སྣ་ཚོགས་དང་། །ཡེ་ཤེས་དཔའ་བོ་པད་ཕུང་དང་། །བདེ་གཤེགས་མེ་ཏོག་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཐུ་སྟོབས་བསོད་ནམས་ཕུང་པོ་དང་། གཟུགས་མཆོག་སྐར་མཁན་ཟླ་སྒྲོན་དང་། །སངས་རྒྱས་གཟི་བརྗིད་ཕུང་པོ་དང་། །བྱང་ཆུབ་རྒྱལ་པོ་མི་ཟད་པར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མངོན་རྟོགས་སྤྱན་དང་ཡན་ལག་རྒྱས། །ཡུལ་འཁོར་ཤེས་རབ་མཆོག་མ་ལ། །གཟི་བརྗིད་ཚིམ་མཛད་ཤེས་རབ་བྱིན། །འཇམ་དབྱངས་ཆགས་མེད་མཛོད་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གཙོ་བོས་བྱིན་དང་གཙོ་བོ་དང་། །ཡེ་ཤེས་མཐུ་རྩལ་འོད་འཕྲོ་ཅན། །དབང་པོ་ཤུགས་འཆང་སྐར་རྒྱལ་དང་། །འོད་བཟང་གྲགས་པ་བྱིན་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གཟུགས་བཟང་རྒྱལ་པོ་དོན་གྲུབ་དང་། །སེང་གེའི་སྡེ་དང་ནོར་ལྷའི་བུ།  །གྲགས་པ་རྒྱལ་དང་རྒྱ་ཆེན་སྙིང་། །སངས་རྒྱས་བསོད་ནམས་འོད་ཟེར་ལ།།གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འོད་ཟེར་བཟང་པོ་སྨྲང་འདོན་པ། །སྒྲོན་མའི་རྒྱལ་པོ་ཡེ་ཤེས་བརྩེགས། །ལྷ་མཆོག་ས་བདག་རྣམ་གྲོལ་བརྙེས། །གཙུག་གི་གསེར་དང་སྒྲ་གཅན་བཟང་། །ཐུབ་པར་དཀའ་དང་ཐུབ་གསལ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟླ་བའི་འོད་ཟེར་གསེར་འོད་དང་། །ལེགས་བྱིན་ལྷ་ཡི་ཡོན་ཏན་དབང་། །ཆོས་ཀྱི་གདུགས་དང་བསོད་ནམས་ལག། །ཆགས་མེད་ཡེ་ཤེས་གྱ་ནོམ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེ་གཤེགས་བློ་གྲོས་ཞིབ་མོ་དང་། །གཟི་བྱིན་ཐམས་ཅད་རྩི་སྨན་དང་།  །རྣམ་གྲོལ་ཏོག་དང་འོད་ཀྱི་མཛོད། །ཡེ་ཤེས་རྒྱལ་པོ་འཇིགས་མཛད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཆུ་བོ་སྤོངས་བ་ཐོགས་མེད་གྲགས། །བདེན་ཕུང་དབྱངས་སྙན་རི་དབང་མཚུངས། །ཆོས་བརྩེགས་ཐར་པའི་གཟི་བྱིན་དང་། ལེགས་མཛད་རབ་ཏུ་ཞི་བའི་སྐུར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡིད་འོང་གསུང་དང་བློ་སྦྱངས་དང་། ཆུ་ལྷ་དང་ནི་འགྲོ་བས་མཆོད། །སེང་གེའི་ལོགས་དང་ཆོས་མཐུ་རྩལ། །སྐལ་བཟང་མི་འཁྲུགས་མདོག་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གཟི་བརྗིད་རྒྱལ་པོ་རྟོགས་མཛད་དང་། །སྤྱན་ལེགས་དོན་གནས་བློ་མངའ་བ། །སྣང་བའི་འོད་ཟེར་སྤོས་ཀྱི་གཟི། །འདྲེན་པ་ཀུན་དགའ་མཛད་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དོན་ཡོད་གཤེགས་དང་ཁྲོ་བ་བཅོམ། །གཟུགས་མཆོག་ལེགས་གཤེགས་རབ་སྦྱིན་གྲགས། །འོད་གཙང་ལྷ་ཡི་ཉི་མ་དང་། །སངས་རྒྱས་ཤེས་རབ་བྱིན་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཉམ་གཞག་བདག་ཉིད་གཟི་མདངས་དང་། །རྒྱལ་རིགས་སྐལ་ལྡན་ཤིང་རྟ་དང་།  །གསེར་མཆོག་རྣམ་པར་གྲོལ་བའི་གཙུག། །ཆོས་ལྡན་སྤོས་གནས་དྲེགས་སྤངས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡེ་ཤེས་མཛོད་དང་ཚངས་པར་གཤེགས། །ཙན་དན་མྱ་ངན་མེད་པ་དང་། །སེང་གེའི་འོད་ཟེར་ཡུལ་འཁོར་ཏོག། །པད་སྙིང་གཟི་བརྗིད་མཐའ་ཡས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ལྷ་འོད་ཤེས་རབ་མེ་ཏོག་དང་། །མཁས་པ་ཡེ་ཤེས་འབྱོར་ལྡན་དང་། །ཚངས་དབྱིག་ཕྱག་ན་རིན་ཆེན་དང་། །དབང་ལྡན་རྫོགས་པར་གསུང་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཆོག་གསུང་མཆོད་འོས་སྐར་རྒྱལ་དང་། །ཉི་མ་འདམ་བརྒལ་ཡེ་ཤེས་བརྙེས། །གྲུབ་པ་རྨ་བྱ་ཆོས་སྦྱིན་དང་།  །ཕན་བཞེད་ཡེ་ཤེས་ལྡན་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །གྲགས་པ་འོད་ཟེར་དྲ་བ་དང་། །རྣམ་བཅོམ་བཻ་ཌཱུརྱའི་སྙིང་དང་། །མེ་ཏོག་ལྷ་རྒྱལ་ཟླ་བ་དང་། །དྲན་པའི་འོད་དང་དགེ་འོད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡོན་ཏན་མཆོག་མ་ཀུན་འོད་དང་། །བདེ་གཤེགས་རིན་པོ་ཆེ་ཡི་དཔལ། །སྐྱེས་བུ་ཟླ་བ་སྒྲ་གཅན་དང་། །སངས་རྒྱས་བདུད་རྩིའི་འོད་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འཇིག་རྟེན་མཆོག་དང་སྐར་མའི་འོད། །ཞི་སྟོབས་ཡེ་ཤེས་རྒྱ་མཚོ་དང་།  །ཆོས་ཀྱི་དབང་ཕྱུག་རི་ཡི་དབང་། །རབ་ཞི་ཡོན་ཏན་མཐུ་སྟོབས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ལྷ་དབང་དབྱངས་སྙན་ངོས་བཟང་དང་། །མི་ཡི་འདྲེན་པ་དོན་གནས་དང་།  །སངས་རྒྱས་ཡོན་ཏན་གཟི་བརྗིད་དཔལ། །བདེ་གཤེགས་མཁྱེན་ལྡན་ཟླ་མེད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རྒྱལ་བ་ང་རོ་དཔག་མེད་དང་།  །འོད་བཟང་ཤིན་ཏུ་ཐུགས་གཞུངས་དང་། །དོན་དགོངས་གཏི་མུག་བྲལ་བ་དང་།  །དབྱངས་ཀྱི་ཡན་ལག་ཁྱད་འཕགས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཆོག་ཏུ་མཛེས་པར་གཤེགས་པ་དང་།  །ཞི་བའི་དོན་དང་སྐྱོན་མེད་པ། །བློ་དབྱངས་དགེ་བ་པད་མའི་མཛོད། །བདེ་གཤེགས་འོད་ཟེར་བཟང་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྤོབས་པའི་མཆོག་མདོག་དང་སྟེགས་བཟང་དང་། །ཡོན་ཏན་རྒྱ་མཚོ་ཚོགས་ཀྱི་དབང་།  །བསྙེངས་བྲལ་ཡེ་ཤེས་བཞེད་པ་དང་།  །སྤོབས་པའི་སྤྱན་དང་བློ་མཆོག་མར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟླ་བ་རིན་ཆེན་ཟླ་འོད་དང་། །བསྙེངས་མེད་པ་དང་གཟིགས་པ་ཆེ། །ཚངས་པའི་དབྱངས་དང་དབྱངས་བཟང་པོ། །ཤེས་རབ་ཆེན་པོའི་སྟེགས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བློ་གྲོས་ཟླ་མེད་རྡོ་རྗེ་མཁྲེགས། །བྱང་ཆུབ་བློ་གྲོས་ལྗོན་ཤིང་དབང་།  །གདངས་སྙན་པ་དང་བསོད་ནམས་སྟོབས།  །མཐུ་དཔལ་འཕགས་པ་དགྱེས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །མཐུ་སྟོབས་སྐར་མ་ལ་དགྱེས་དང་། །སངས་རྒྱས་སྤྲིན་གྱི་རྔ་སྒྲ་དང་།  །བདེ་གཤེགས་སྤྱན་སྡུག་པ་ཡི་ཞལ། །ཡེ་ཤེས་བཟང་ལྡན་འབྱོར་ལྡན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སངས་རྒྱས་ཡོན་ཏན་ཕུང་པོ་དང་། །འཇིག་རྟེན་བླ་མ་གསལ་བ་དང་།  །འདྲེན་པ་ཆོས་ཀྱི་རྒྱལ་མཚན་དང་། །བདེ་གཤེགས་ཡེ་ཤེས་ང་རོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ནམ་མཁའ་མཆོད་སྦྱིན་ང་རོ་དང་། །ཤེས་རབ་རྣམ་འགོད་ང་རོ་དང་།  །ཡོན་ཏན་འོད་ཟེར་གཟི་བརྗིད་དང་། །དྲང་སྲོང་དབང་པོ་བློ་ལྡན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །སྤོབས་པའི་ཚོགས་དང་མཆོད་སྦྱིན་བཟང་།  །ཟླ་བའི་ཞལ་དང་ཤིན་ཏུ་གཟིགས། །རྡུལ་བྲལ་དང་ནི་ཡོན་ཏན་ཚོགས། །ཏོག་ལྡན་བསོད་ནམས་རྒྱལ་མཚན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་ཡུལ་འཁོར་སྤོབས་པ་དང་། །རིན་ཆེན་རབ་སྦྱིན་ཟླ་བ་དགྱེས། །བདེ་བར་གཤེགས་པ་སེང་གེའི་སྟོབས།  །སངས་རྒྱས་དབང་སྒྱུར་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདུད་རྩི་གསལ་དང་བསམ་གཏན་སྙོམས། །འཁྲུག་མེད་དྲི་མ་རབ་ཞི་དང་། །ཕྱོགས་མ་བསླད་དང་མཛེས་པ་དང་། །དེ་བཞིན་གཤེགས་པ་ཞལ་བཟང་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཤུགས་གནས་ཡེ་ཤེས་ལྡན་པ་དང་། །གསུང་དབང་དང་གཟི་བརྗིད་ཆེན་པོ་དང་། །བློ་གྲོས་ཟབ་མོ་བདུད་རྩི་དང་།  །ཆོས་ཀྱི་སྟོབས་དང་མཆོད་ལྡན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་མེ་ཏོག་འོད།  །ཁམས་གསུམ་དག་གི་མཆོད་གནས་དང་། །རྒྱལ་བ་སྒྲ་གཅན་ཉི་མའི་སྙིང་།  །བདེ་གཤེགས་ལྷ་ཡིས་མཆོད་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཐར་པའི་རྒྱལ་མཚན་དགེ་བའི་གཙུག། །བདུད་རྩིའི་འོད་དང་རྡོ་རྗེ་དང་།  །བརྟན་པ་རིན་ཆེན་ཕུང་པོ་དང་། །རྒྱལ་བ་མཛེས་པར་གཤེགས་པ་ལ།  །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཉི་མ་ལྟ་བུར་གཤེགས་པ་དང་། །དག་པའི་འོད་དང་ཡོན་ཏན་གཙུག། །དཔལ་རྫོགས་པ་དང་སེང་གེའི་སྟབས། །གྱེན་འཕགས་མེ་ཏོག་བྱིན་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འོད་འགྱེད་པ་དང་པད་མ་དང་། །ཡེ་ཤེས་དགྱེས་དང་བཀོད་པ་མཛེས། །གཏི་མུག་མེད་པར་གནས་པ་དང་།  །རྨ་མེད་ཏོག་གི་རྒྱལ་མཚན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེ་བར་གཤེགས་པ་བདེ་བར་དགོངས། །གཏི་མུག་མེད་རྒྱལ་ཆོ་ག་མཁྱེན།  །སངས་རྒྱས་དག་པའི་རྒྱ་མཚོ་དང་། །རིན་ཆེན་མངའ་དང་མི་དམའ་བར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་སྐྱེ་བོ་དགའ་མཛད་དང་། །རྨ་བྱའི་ང་རོ་མ་ཞུམ་དང་།  །སྲིད་པའི་སྲེད་པ་དྲི་མ་སྤངས། །བདེ་གཤེགས་སྤྱོད་པའི་སྟེགས་དེ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ལྷ་མང་དག་གིས་སྙན་བསྒྲགས་པ།  །སངས་རྒྱས་རིན་པོ་ཆེ་ཡི་སྟབས། །ཕྱག་ན་པད་བསྣམས་དང་ནི་དཔལ།  །འདྲེན་པ་དགྲ་ལས་རྒྱལ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་འབྱོར་ལྡན་གྲགས། །ཡུལ་འཁོར་བཟང་པོ་མེ་ཏོག་འོད། །སེང་གེའི་ང་རོ་ཟླ་ལྟར་ཤར། །འཇོམས་པའི་མཆོག་དང་མི་གཡོ་བར། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཕན་དང་ལྡན་པར་གཤེགས་པ་དང་། །བསོད་ནམས་སྒྲོན་མའི་རྒྱལ་པོ་དང་།  །དབྱངས་ཀྱིས་བསྐུལ་དང་གཽ་ཏ་མ། །མདངས་སྟོབས་བློ་གནས་རང་བཞིན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བདེ་བར་གཤེགས་པ་ཟླ་བ་བཟང་།  །བྱང་ཆུབ་ཡན་ལག་མེ་ཏོག་དང་། །འདྲེན་པ་བཀྲ་ཤིས་ལེགས་སྟོན་དང་།  །ཡེ་ཤེས་གཟི་བརྗིད་སྟོབས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དགེ་བའི་སྒྲོན་མ་མཐུ་རྩལ་བརྟན། །བདེ་བར་གཤེགས་པ་ལྷ་ཡི་སྒྲ། །རབ་ཏུ་ཞི་བ་ཉི་མའི་ཞལ། །འདྲེན་པ་ཐར་པའི་བརྟུལ་ཞུགས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་འོད། །བརྟུལ་ཞུགས་གནས་པ་རྡུལ་མེད་དང་།  །སྙིང་པོ་འཕགས་དང་མིག་སྨན་དང་། །འཕེལ་མཛད་སྤོས་ཀྱི་འོད་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དུས་མཁྱེན་འོད་དང་དྲན་པའི་དབང་།  །ཐོགས་པ་མེད་པའི་རྒྱལ་མཚན་དང་། བྱང་ཆུབ་མཆོག་བགྲོད་སྤྱོད་པ་གསལ། །བདེ་གཤེགས་རིན་ཆེན་དགྱེས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཆོས་ཀྱི་དབང་ཕྱུག་ལྷ་ཐམས་ཅད། །བཤེས་གཉེན་ཆེན་པོ་བཤེས་གཉེན་བཟང་། །བདེ་གཤེགས་རབ་ཏུ་ཞི་བའི་སྟབས། །སངས་རྒྱས་བདུད་རྩིའི་བདག་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ལྷུན་པོའི་འོད་དང་འཕགས་པས་བསྟོད། །སྣང་ལྡན་དང་ནི་གཟི་བརྗིད་འབར། །དེ་བཞིན་གཤེགས་པ་སྣང་བ་གཟིགས། །ལེགས་སྤྱད་རྣམ་པར་སྨིན་པ་ལ།།གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ལེགས་དགྱེས་མྱ་ངན་བྲལ་བ་དང་། །རིན་ཆེན་འོད་དང་སྤྱོད་པར་ལྡན། །དེ་བཞིན་གཤེགས་པ་བསོད་ནམས་སྟོབས།  །ཡོན་ཏན་རྒྱ་མཚོ་རྨད་བྱུང་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ང་རྒྱལ་སྤོང་དང་བདུད་བརླག་མཛད། །བདེ་གཤེགས་བག་ཆགས་རྒལ་སྟབས་དང་།  །མི་ཕྱེད་བློ་མངའ་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དག་པར་མཛད་པའི་མཚན་ཅན་དང་།  །ཚོགས་ཅན་གྲོལ་བའི་རྒྱལ་པོ་དང་། །དེ་བཞིན་གཤེགས་པ་དགའ་བའི་འོད།  །སངས་རྒྱས་བྱང་ཆུབ་རྒྱལ་མཚན་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡེ་ཤེས་རིན་ཆེན་ཤིན་ཏུ་བསིལ། །ཚངས་པ་རྒྱལ་དང་ཡེ་ཤེས་དགྱེས། །རྫུ་འཕྲུལ་ཏོག་དང་སྐྱེ་དབང་མཚུངས། །འདྲེན་པ་ས་ཡི་དབང་ཕྱུག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དེ་བཞིན་གཤེགས་པ་ཉི་མ་དགྱེས། །སྒྲ་གཅན་ཟླ་བ་མེ་ཏོག་འོད། །སྨན་པའི་བདག་པོ་མདངས་མངའ་དང་།  །འདྲེན་པ་བསོད་ནམས་དགྱེས་དག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རྒྱལ་བ་དགའ་བའི་སྟོབས་དང་ནི། །དབྱངས་སྙན་ཆོས་ཀྱི་དབང་ཕྱུག་དང་། ཚངས་དབྱངས་སྤྱོད་པ་བཟང་པོ་དང་།  །འཁྲུལ་པ་མེད་པའི་བློ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དབྱངས་ཆེན་སྙན་པར་གྲགས་པ་དང། །ཏོག་ལྡན་གཟི་བརྗིད་རྣམ་པར་གྲགས། །འགྲོ་བའི་དབང་ཕྱུག་ལྗོན་པ་དང་། །གཏི་མུག་རབ་ཟད་དཔག་མེད་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཟླ་བཟང་སྤོབས་པ་མཐའ་ཡས་ཏོག  །བརྟུལ་ཞུགས་བསྟར་དང་མཆོད་པའི་གནས། །མྱ་ངན་རྒལ་པ་དགེ་དགྱེས་དང་། །བདེ་གཤེགས་འགྲོ་བའི་བློ་གྲོས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་དགྱེས་པར་གཤེགས་པ་དང་།  །བདེ་གཤེགས་ཞབས་མཛེས་ཨུད་པལ་དང་། །སངས་རྒྱས་དུལ་གནས་མེ་ཏོག་དང་། །སྤོབས་པ་མཐའ་ཡས་འོད་ཟེར་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་དྲང་སྲོང་གསལ་བ་དང་། །ཡོན་ཏན་བརྩོན་འགྲུས་སྙིང་པོ་དང་།  །ལྷ་ཡི་བདག་པོ་རིན་ཆེན་མཐོ། །གསལ་བ་སྐལ་ལྡན་ཤིང་རྟ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རྒྱལ་བ་བསོད་ནམས་བློ་གྲོས་དང་། །མགོན་པོ་སྦྱིན་སྲེག་འོད་འཕྲོ་དང་།  །ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་།  །སེང་གེའི་སྟབས་དང་མི་གཡོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རབ་གསལ་འོད་ནི་སྤྱོད་པ་དང་། །ཀླུ་དབྱངས་གླུ་དབྱངས་འཁོར་ལོ་འཛིན།  །དབྱིག་མཆོག་འཇིག་རྟེན་དགའ་བ་དང་། །བདེ་གཤེགས་ཆོས་ཀྱི་ཟླ་བ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །དགའ་བ་མཐའ་ཡས་གྲགས་པ་དང་། །སྤྲིན་གྱི་ཏོག་དང་ཤེས་རབ་འགྲོས། །སྤོས་བཟང་དང་ནི་ནམ་མཁའི་དབྱངས། །ལྷ་དང་ལྷ་ཡི་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ནོར་བུ་གསལ་བ་ནོར་བཟང་དང་། །སྒྲོན་མ་རིན་ཆེན་ང་རོའི་དབྱངས།  །སྐྱེ་དབང་རྒྱལ་པོ་སྒྲ་གཅན་སྦེད།  །དགེ་མཛད་སེང་གེའི་བློ་གྲོས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །རིན་ཆེན་གྲགས་པ་དོན་མཛད་དང་། །མཛད་མཐའ་གཟིགས་དང་སྲིད་མེ་ཏོག །དེ་བཞིན་གཤེགས་པ་མཛོད་སྤུ་ལྡན། །སྤོབས་པ་མཚུངས་མེད་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །ཡེ་ཤེས་རྣམ་འབྱེད་ང་རོ་དང་། །སེང་གེའི་མཆེ་བ་མཛེས་པར་གཤེགས། །བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན།  །ཡུལ་འཁོར་མྱ་ངན་མེད་པ་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །བློ་གྲོས་སེམས་པ་བློ་དང་ལྡན།  །ཆོས་སྒྲོན་སྤྱན་དང་ཤིན་ཏུ་གཟིགས།  །ཤུགས་ཀྱིས་འདོར་བ་སྟོབས་ཆེན་ཅན་དང་། །བདེ་གཤེགས་ཤེས་རབ་མེ་ཏོག་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །འདྲེན་པ་བརྟན་པའི་དབྱངས་དང་ནི། །བདེ་ལྡན་དོན་དག་གསུང་བ་དང་།  །དགྱེས་པ་གསལ་བ་སེང་གེའི་ཞལ། །གཙུག་ཕུད་སྣང་མཛད་དེ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་གསུངས་བཞུགས། །བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །

 སངས་རྒྱས་རྣམས་ཀྱི་བདག་རྐྱེན་ལས། །

བྱུང་བའི་སྡེ་སྣོད་རྣམ་གསུམ་དང་། །

གསང་ཆེན་རྒྱུད་སྡེ་བཞི་དྲུག་བཅས། །

ལུང་རྟོགས་དམ་པའི་ཆོས་མཛོད་ལ། །

 

གུས་པས་ཕྱག་འཚལ་མཆོད་པ་འབུལ། །

ལུས་ངག་ཡིད་གསུམ་སྡིག་པ་བཤགས། །

དགེ་ལ་ཡི་རང་ཆོས་གསུངས་བཞུགས། །

བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །

 

བསླབ་གསུམ་ཡོན་ཏན་རྒྱ་མཚོའི་སྡེ། །

ཉན་ཐོས་རང་རྒྱལ་དགྲ་བཅོམ་དང་། །

བྱང་ཆུབ་སེམས་དཔའ་རིག་པ་འཛིན། །

འཕགས་པའི་དགེ་འདུན་པ་རྣམས་ལ། །

 

གུས་པས་ཕྱག་འཚལ་མཆོད་པ་འབུལ། །

ལུས་ངག་ཡིད་གསུམ་སྡིག་པ་བཤགས། །

དགེ་ལ་ཡི་རང་ཆོས་གསུངས་བཞུགས། །

བདག་གཞན་བྱང་ཆུབ་ཐོབ་པར་བསྔོ། །

 

དེང་བཟུང་ཚེ་རབས་ཐམས་ཅད་དུ། །

བསྐལ་བཟང་སངས་རྒྱས་ཁྱེད་རྣམས་ཀྱི། །

མཚན་དཔེའི་དཔལ་ལྡན་གཟུགས་ཀྱི་སྐུ། །

མངོན་སུམ་མིག་གིས་མཇལ་བར་ཤོག །

 

དྲུག་བཅུའི་ཡན་ལག་ལྡན་པའི་དབྱངས། །

ཚངས་པའི་གསུང་གིས་དབུཊ་དབྱུང་སྟེ། །

ཟབ་ཡངས་ཐེག་གསུམ་མདོ་སྔགས་ཀྱི། །

ཆོས་རྣམས་རྒྱ་མཚོར་འཇུག་པར་ཤོག །

 

ཐབས་དང་ཤེས་རབ་ཏིང་ངེ་འཛིན། །

མཁྱེན་པའི་ཉི་ཟླ་བྱམས་བརྩེའི་འོད། །

རྟག་ཁྱབ་ཕྲིན་ལས་ནུས་པའི་མཐུས། །

ཐུགས་ཀྱི་བྱིན་རླབས་མྱུར་ཐོབ་ཤོག །

 

ད་དུང་མཐའ་མཇུག་ཏུ་བསྔོ་བ་དང་སྨོན་ལམ་གཞན་ཅི་མང་བརྗོད་པར་བྱའོ། །

དེ་ལྟར་འཕགས་པ་བསྐལ་པ་བཟང་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་འདིའི་ནང་དུ། དང་པོ་མདོར་བསྟན་གྱི་སྐབས་སུ་སངས་རྒྱས་སྟོང་གི་མཚན་ཚང་བར་བྱུང་བ་དང་། ཡང་སངས་རྒྱས་སོ་སོའི་ཐུགས་བསྐྱེད་ཚུལ་བསྟན་པའི་སྐབས་སུ་མཚན་དགུ་བརྒྱ་དང་གོ་གཅིག་ཙམ་ལས་མེད་ཀྱང་། རྒྱས་བཤད་ཀྱི་སྐབས་སུ་མཚན་སྟོང་དང་ལྔ་ཙམ་ལྷག་པོར་བྱུང་བར་མ་ཟད། སྙིང་རྗེ་པད་མ་དཀར་པོའི་མདོ་ལས་ཀྱང་། བསྐལ་བ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་བར་གསུངས་ཡོད་པ་རེད། འོ་ན་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་ཞེས་ཡོངས་སུ་གྲགས་པ་དང་མི་འགལ་ལམ་ཞེ་ན། སྔོན་གྱི་མཁས་པ་དག་གིས་བཞེད་པ་ལྟར་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་རགས་པའི་རྣམ་གཞག་ཏུ་གསུངས་པའི་དྲང་དོན་དང་། གདུལ་བྱ་རྣམ་པར་དཔྱོད་པ་འགའ་ཞིག་ལ་ཞིབ་པར་བརྩིས་པའི་རྣམ་གཞག་ནི་ངེས་པའི་དོན་ཡིན་པས་འདིར་ཡང་རྒྱས་བཤད་དང་སྒོ་བསྟུན་པ་ཡིན་ལ། གང་ལྟར་ཡང་བསྐལ་བ་བཟང་པོའི་སངས་རྒྱས་འདི་རྣམས་ཀྱི་མཚན་རང་གིས་བརྗོད་ཅིང་གཞན་ལ་བསྒྲགས་པའི་ཕན་ཡོན་ནི། སྐྱེ་བ་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་བྱིན་རླབས་མི་འབྲལ་བར་འགྱུར་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་དང་འཕྲད་པར་འགྱུར་བ་དང་། །བསྐལ་བ་བྱེ་བའི་བར་དུ་བྱས་ཤིང་བསགས་པའི་མི་དགེ་བ་བཅུ་དང་། ཕམ་པ་བཞིའི་ཉེས་ལྟུང་། མཚམས་མེད་པའི་ལས་ལྔ།  དཀོན་མཆོག་གསུམ་གྱི་དཀོར་སྤྱི་དང་། ཁྱད་པར་དུ་དགེ་འདུན་པའི་དཀོར་ལ་འབགས་པ། སྦྱིན་བདག་གི་དད་ཟས་དང་གཤིན་པོའི་ཟས་ནོར་སོགས་ལ་བག་མེད་དུ་སྤྱོད་པའི་སྡིག་ལྟུང་དག་པར་འགྱུར་བ་དང་། ངན་སོང་གནས་གསུམ་དུ་ནམ་ཡང་སྐྱེ་བར་མི་འགྱུར་བ་དང་། མཐོ་རིས་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ་པར་འགྱུར་བ་དང་། བསྐལ་བ་བཟང་པོའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་འཛིན་པར་འགྱུར་བ་དང་། སྐྱེ་བ་ཀུན་ཏུ་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བ་དང་། མང་དུ་ཐོས་པ་རྒྱ་མཚོ་དང་ལྡན་པར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པར་འགྱུར་བ་དང་། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་ཀྱི་མཛོད་འཛིན་ཅིང་སངས་རྒྱས་པར་འགྱུར་བ་དང་། མདོར་ན་ཚེ་འདི་དང་ཕྱི་མའི་དོན་ཐམས་ཅད་བདེ་ལེགས་སུ་འགྲུབ་པར་འགྱུར་བ་ཡིན་ཏེ། བསྐལ་བ་བཟང་པོའི་མདོ་སྡེ་འདི་ཉིད་ལས། བསྐལ་བཟང་འདི་ལ་སངས་རྒྱས་གང་དེ་དག  །དེ་དག་གི་ནི་མཚན་རྣམས་བསྒྲགས་པ་རྣམས།  །འབྲས་བུ་མྱ་ངན་འདས་ཤེས་བྱ་བ་གང་།  །ཉན་པ་དེ་དག་འདི་ལ་རྨོངས་མི་འགྱུར།  །མཁས་པ་བག་ཡོད་ལྡན་པས་གུས་བགྱིས་ཏེ།  །རྒྱལ་བ་འདི་དག་གི་ནི་མཚན་རྣམས་ཉོན། །དེ་དག་གི་ནི་མཚན་རྣམས་ལེགས་ཐོས་ནས།  །ངན་སོང་སྡུག་བསྔལ་ཕྱིར་ཞིང་མྱོངས་མི་འགྱུར།  །ཚུལ་ཁྲིམས་གནས་པ་སྡོམ་པའི་རྗེས་འཐུན་ཞིང་།  །ཐོས་ལ་མོས་པས་རྟོགས་དང་ལྡན་པ་རྣམས།  །ཟབ་མོའི་བཟོད་པ་ཡོངས་སུ་རྫོགས་བྱས་ནས།  །འཇིག་རྟེན་མགོན་ཀུན་དེ་དག་གིས་ནི་མཐོང་།  །གང་ཞིག་མི་ཤེས་བསྐལ་པ་བྱེ་བར་ནི།  །སྡིག་པའི་ལས་བྱས་ལས་འབྲས་རྣམ་སྨིན་ཀུན།  །དེས་ནི་ཟད་བྱས་རྒྱལ་བ་དེ་དག་གི།  །མཚན་རྣམས་བཟུང་ནས་ཀྱང་ནི་རྒྱལ་བར་འགྱུར། །མདོ་སྡེ་ཁྲི་ཕྲག་དུ་མར་འཇུག་པ་དང་།  །ཏིང་འཛིན་རྫུ་འཕྲུལ་སོ་སོར་ཡང་དག་རིག  །སྒྲ་སྐད་དུ་མ་རྟོགས་དང་ཡེ་ཤེས་དག  །ཏིང་ངེ་འཛིན་འདི་ལས་ནི་བཙལ་བར་བྱ།  །འཚོ་བ་དག་པ་གཡོ་ནི་མེད་པ་དང་།  །རྣམ་སྨིན་ཤེས་དང་ཕྲག་དོག་མེད་པ་དང་།  །བསྡུ་བ་དང་ནི་གཟུངས་ལ་བརྩོན་པ་ཡིས།  །ཏིང་འཛིན་འདི་ནི་རབ་ཏུ་ཤེས་པར་བྱ།  །ཞེས་དང་། དེ་ལྟར་སངས་རྒྱས་དག་ལ་ཆུང་བ་ཡི།  །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན།  །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན།  །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད།  །ནམ་མཁའ་དག་ནི་ཚད་དག་གཟུང་བ་དང་།  །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནུས་ཀྱི།  །སངས་རྒྱས་དག་ལ་དད་པ་ཤས་ཙམ་གྱིས།  །བསོད་ནམས་ཚད་གཟུང་བར་ནི་ནུས་པར་དཀའ།  །ཇི་སྲིད་མྱ་ངན་འདས་བདེ་མ་རེག་པར།  །དེ་སྲིད་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར།  །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས།  །བག་ཡོད་མི་ཡིས་བཀུར་སྟི་མཆོད་པ་གྱིས།  །སངས་རྒྱས་དག་ལ་ལྷག་པར་མོས་པའི་ཚེ།  །བདེ་གཤེགས་མྱ་ངན་འདས་པའི་སྐུ་གདུང་ལ།  །མཆོད་པ་ཆུང་ཤས་བྱེད་པའི་ཡོན་ཏན་མཐའ།  །བསམ་པར་ནུས་མ་ཡིན་ན་དེ་ལྟ་ཞོག  །བྱང་ཆུབ་སེམས་ཀྱིས་རྒྱལ་ལ་ཡོན་ཕུལ་དང་།  །གང་དག་ཚད་མེད་ཆོས་འདི་བཞི་པོ་དང་།  །ནམ་མཁའི་ཁམས་དང་སེམས་ཅན་ཁམས་རྣམས་དག  །སྟོན་པ་མ་གཏོགས་ཤེས་པར་ནུས་པ་མེད།  །གང་ཕྱིར་སེམས་ཅན་ཐམས་ཅད་རྗེས་གཟུང་ཕྱིར།  །བྱང་ཆུབ་སེམས་བསྐྱེད་གནས་པ་ཇི་ལྟ་བར།  །དབུལ་པོས་དཔག་ཚད་ཁོར་ཡུག་གཅིག་ཙམ་གྱི།  །གཏེར་དག་རྙེད་པ་དེ་ལྟར་དགའ་མ་ཡིན།  །སངས་རྒྱས་བྱང་ཆུབ་ཕྱིར་ནི་རྒྱལ་བ་ཡི།  །རྣམ་པར་རོལ་པ་བརྒྱད་དང་སྟོབས་བཅུ་དང་།  །སེམས་ཅན་སྡུད་པ་ལྔ་བརྒྱ་དགའ་མཛད་བཞི།  །རྟོགས་བྱེད་འཇུག་པ་དག་ནི་བརྒྱད་ཁྲི་དང་།  །རྟོགས་པར་དཀའ་བ་བརྒྱད་ཅུ་རྩ་བཞི་དང་།  །བླ་ན་མེད་པའི་སྒོ་མོ་དྲུག་ཁྲི་དང་།  །ས་རྣམ་་་འབྱེད་དང་ཡེ་ཤེས་བདུན་ཅུ་དྲུག  །སངས་རྒྱས་མཚོན་པ་སྤྱོད་པ་བཅྭོ་བརྒྱད་དང་།  །ཕ་རོལ་གནོན་པ་ལྔ་དང་བརྟན་པ་བཅུ།  །སྤྱོད་ཡུལ་ཐེར་འབུམ་ཕྲག་ནི་བཅུ་གཅིག་དང་།  །གཞན་ཡང་སངས་རྒྱས་དག་གི་ཡོན་ཏན་གང་།  །མཚན་དང་དཔེ་བྱད་དག་དང་སྤྱོད་ལམ་དག  །རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལམ་མིན་ན།  །ཉན་ཐོས་སྒྲ་རྗེས་འབྲང་བས་སྨོས་ཅི་དགོས།  །མཚུངས་པ་མེད་པ་འདྲ་བ་ཡོད་མིན་པས།  །དེས་ན་སངས་རྒྱས་བསམ་མི་ཁྱབ་ཅེས་བརྗོད།  །ཅེས་དང་། འཕགས་པ་ཐར་བ་ཆེན་པོའི་མདོ་ལས་ཀྱང་། ད་ལྟར་ཕྱོགས་བཅུར་བཞུགས་པ་ཡི།  །སངས་རྒྱས་རྣམས་ལ་ཕྱག་འཚལ་ན།  །ལས་ངན་ཀུན་ལས་རྣམ་པར་གྲོལ།  །མཚམས་མེད་ལྔ་པོའི་སྡིག་ཀྱང་འབྱང་།  །རྣམ་དག་ས་ལ་རྟག་ཏུ་གནས།  །ཤཱཀྱའི་ཆོས་ལའང་བདེ་གནས་ཤིང་།  །མཐའ་རུ་ངན་སོང་གསུམ་དང་བྲལ།  །སངས་རྒྱས་བྱམས་པའང་མཐོང་བ་དང་།  །སངས་རྒྱས་སྟོང་ཡང་མཐོང་བར་འགྱུར།  །དེ་བས་ད་ལྟར་ཕྱག་ཀྱང་འཚལ།  །ཕྱོགས་བཅུའི་སངས་རྒྱས་ཡང་མཐོང་སྟེ།  །རྣམ་དག་ཞིང་དུ་རྟག་པར་སྐྱེ།  །དམ་པའི་ཆོས་ཀྱང་ཐོས་གྱུར་ཅིང་།  །སངས་རྒྱས་རྟག་པའང་མངོན་པར་རྟོགས། །སོགས་རྒྱ་ཆེར་གསུངས་སོ། །ཞེས་པ་འདི་ནི་མཆོག་སྤྲུལ་དམ་པ་ཨོ་རྒྱན་སྨིན་གྲོལ་དང་། གཡུ་མཁར་ཀོང་སྤྲུལ་རིན་པོ་ཆེའི་གདུང་སྲས་བླ་མ་དགྱེས་པ་རྡོ་རྗེ། ཁྲོྃ་ཐར་མཁས་དབང་འཇམ་བློ། མི་ཉག་རབ་སྒང་པ་མཆོག་སྤྲུལ་འཇིགས་མེད་འཕྲིན་ལས་འོད་ཟེར། རབ་སྒང་སྤྲུལ་སྐུ་འཇམ་དཔལ་རྒྱ་མཚོ་བཅས། ཁོང་རྣམ་པ་ལྔས་ཐུགས་བསྐྱེད་ཤིས་སྨོན་དང་བཀའ་སློབ་ལམ་སྟོན་སོགས་རྒྱབ་སྐྱོར་མང་དུ་གནང་བའི་ཉེར་ལེན་གཙོ་བོར་བཟུང་སྟེ། ད་དུང་སྤྲུལ་མཁའ་གསང་ཟླ་འོད་དང་།  མི་ཉག་རྒྱལ་འཕགས་དགོན་གྱི་གཡུ་ཁོག་བླ་མ་ཉི་མ། གཡུའི་ཆུ་དབར་བླ་མ་གཡང་ལྡན། གྲྭ་བཙུན་བྱང་ཆུབ་རྡོ་རྗེ། མཆེད་གྲོགས་བླ་མ་དར་རྒྱས་རྒྱ་མཚོ། དབལ་དགེའི་གྲོགས་པོ་གཡུ་འོད། གྲོགས་མོ་ཚེ་སྐྱིད་ལྷ་མོ། གེ་སར་ལྷ་མོ་སོགས་ཀྱིས་འཚོ་བའི་རྒྱུ་ཆ་བཀོད་བསྒྲིགས་བྱས་པ་དང་། གསུང་རབ་དཔེ་ཆའི་མཐུན་རྐྱེན་སྦྱར་བ། གནས་མལ་ཟས་གོས་ཡོ་བྱད་རྣམས་ཅི་དགོས་གང་འདོད་དུ་མཁོ་སྒྲུབ་ཀྱི་རོགས་དན་རྒྱ་ཆེར་མཛད་པའི་བཀའ་དྲིན་ལ་བརྟེན་ནས། ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཀྱི་གོང་བ་ཉིད་དུ་ཡོང་སུ་གྲགས་པ། གཡུའི་ཆུ་དབར་སྒྲོལ་མའི་གནས་མཆོག་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པ་དགའ་བའི་ཚལ་གྱི་ནགས་ཁྲོད་དུ། རྒྱལ་བའི་བཀའ་འགྱུར་ཆེན་པོ་ཆ་ཚང་བར་དཔེ་ཀློག་བགྱིས་པའི་སྐབས་སུ།   བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་ལོའི་བོད་ཟླ་བཅུ་བའི་བོད་ཚེས་བཅོ་ལྔའི་ཉིན། བློ་གྲོས་དྲི་མེད་མིང་ཅན་གྱིས། མདོ་སྡེ་བསྐལ་བཟང་གི་དཔེ་གཞི་མི་འདྲ་བ་དུ་མ་གཞིར་བཟུང་བའི་སྟེང་དུ། ཐེག་པ་ཆེན་པོའི་མདོ་སྡེ་སྤྱིའི་རྣམ་བཞག་དང་། མཚན་བརྗོད་སྡིག་སྒྲིབ་ཀུན་འཇོམས་སོགས་ཀྱིས་ཟུར་བརྒྱན་ནས་རྩོམ་བསྒྲིགས་བྱས་པ་ཡིན་ལ། དགེ་བ་འདི་ཡིས་ནི། ཐོག་མར་རང་ཉིད་ལ་ཀློག་བསླབས་པའི་དགེ་རྒན་ནས་བཟུང་སྟེ་དྲིན་ཆེན་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་བཞེད་དགོངས་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་བཞིན་དུ་བཟང་འབྲེལ་དད་པ་དག་སྣང་འཇོག་པའམ་ཡག་དགའ་ཉེས་སྡུག་གིས་རེ་འདུན་ཡོད་ཚད་དང་། ངན་འབྲེལ་ཆགས་སྡང་རྨོངས་གསུམ་གྱིས་སྒྲོ་སྐུར་སྣ་ཚོགས་པ་སྟེ། མདོར་ན། འདས་མ་འོང་ད་ལྟ་དུས་གསུམ་དུ་ལས་དཀར་ནག་གཉིས་ཀར་འབྲེལ་བ་ཡོད་ཚད་ཀྱི་བསྔོ་དགོས་གང་ཡོད་ཐམས་ཅད་པོའི་སྡིག་སྒྲིབ་ཉེས་ལྟུང་ལྷག་ལུས་མེད་པར་དག་ནས། རང་གཞན་ཚོམ་བུ་གཅིག་ཏུ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་ཞབས་དྲུང་དུ་སྐྱེ་ཞིང་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུ་རྐྱེན་དུ་གྱུར་ཅིག། །།

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།