ཡང་སྤྲུལ་ཉི་གཞོན། བདུད་བྷེ།

WechatIMG2223.jpg

ཡང་སྤྲུལ་ཉི་གཞོན།


ཚིག དཀོན་མཆོག་བསམ་གཏན།

དབྱངས། པདྨ།

རྡུང་ལེན་མཁན། བདུད་བྷེ།


མཁྱེན་ནམ་གསོན་དང་རིན་པོ་ཆེ། །

རྒྱལ་ཀུན་སྙིང་རྗེའི་རང་གཟུགས། །

པཎ་ཆེན་སྣང་བ་མཐའ་ཡས། །

ཁྱོད་ནི་གངས་རིའི་ཟླ་བ། །

ཟླ་བ་རེ་ཞིག་ནུབ་པས། །

གངས་ལྗོངས་བོད་ཀྱི་མི་རྣམས། །

སྐྱོ་གདུང་དྲག་པོས་མནར་སོང་། །


མཁྱེན་ནམ་གསོན་དང་རིན་པོ་ཆེ། །

གངས་རི་སྨན་གྱི་ལྗོངས་འདིར། །

མཆོག་སྤྲུལ་ནམ་མཁའི་སྒྲོན་མེ། །

ཞབས་ཟུང་གསེར་གྱི་འཁོར་ལོ། །

མྱུར་བར་བསྒྱུར་བའི་རེ་འདོད། །

གངས་ཅན་བོད་མི་ཡོངས་ཀྱིས། །

སེམས་ཀྱི་གཏིང་ནས་སྨོན་སོང་། །


མཁྱེན་ནམ་གསོན་དང་རིན་པོ་ཆེ། །

གངས་ཅན་བོད་ཀྱི་ཡུལ་འདིར། །

ཐུགས་སྟོབས་འགྲན་ཟླ་བྲལ་བའི། །

ཡང་སྤྲུལ་ཉི་མ་གཞོན་ནུའི། །

ཞབས་པད་ཡུན་རིང་བརྟན་པས། །

སྐྱབས་འཇུག་སྙིང་ནས་ཞུས་སོང་། །


མཁྱེན་ནམ་གསོན་དང་རིན་པོ་ཆེ། །

གངས་རི་བོད་ཀྱི་ལྗོངས་འདིར། །

མཛད་འཕྲིན་ཉི་ལྟར་གསལ་བ། །

ཡང་སྤྲུལ་ཡིད་བཞིན་ནོར་བུས། །

ཐུགས་བཞེད་གེགས་མེད་འགྲུབ་སྟེ། །

བོད་ཡུལ་སྐྱིད་པའི་ཉི་མ། །

རྒྱུན་དུ་ཤར་བའི་སྨོན་ལམ། །