བྱེའུ་ཆུང་གི་ཤུགས་གླུ།
ཚིག སྡེ་དགེའི་པདྨ་ལྷ་མོ།
དབྱངས། རྡོ་རེད།
ལེན་མཁན། རྡོ་རེད།
ང་ས་མཐའ་ལ་འཁྱམས་པའི།།
གཤོག་ལྡན་བྱེའུ་ཆུང་གི་རྣམ་ཤེས།།
ཚང་ཚིང་སྟུག་པོ་ཡི་ཁྲོད་ནས།།
མཆོག་གསུམ་སྙིང་ཁོང་ནས་དྲན་པས།།
ཕ་གའི་ལྷུན་པོ་ལ་གསོལ་བཏབ།།
མི་དགེའི་དུ་ཁ་ཡིས་མནར་དུས།།
དཀོན་མཆོག་ལྷུན་པོ་ལ་ཕེབས་དང་།།
ཉམ་ཆུང་བྱིའུ་ཆུང་ལ་སྐྱབས་གནང་།།
རོ་གཅིག་སྙིང་པོ་མཆོག་སྟོན་ནས།།
སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་རོགས།།
ང་ས་མཐའ་ལ་འཁྱམས་པའི།།
ཉམ་ཆུང་ལམ་འགྲུལ་ཞིག་ཡིན་དུས།།
མཐའ་མེད་རྐང་ལམ་གྱི་ཟུར་ནས།།
མཆོག་གསུམ་སྙིང་ཁོང་ནས་དྲན་པས།།
ཞོགས་ཀའི་འཆར་ཀ་ལ་གསོལ་བཏབ།།
མ་རིག་མུན་པ་དེས་སྒྲིབ་དུས།།
མཆོག་གསུམ་འོད་ཁྱིམ་ལ་བཞོན་དང་།།
ངལ་དུབ་ལམ་འགྲུལ་ལ་སྐྱབས་གནང་།།
ཤེས་རབ་སྒྲོན་མེ་དེ་སྟོན་ནས།།
མ་རིག་མུན་པ་འདི་སེལ་མཛོད།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།