རྒྱལ་མཆོག་ཀརྨ་པའི་སྐུ་ཡི་འཁྲུངས་སྐར་ལ་སྙན་མོ་གླུ་ཡི་མཆོད་པ་འབུལ།

src=http---s14.sinaimg.cn-middle-44aea35aha61180c3eddd&690&refer=http---s14.sinaimg.cn&app=2002&size=f9999,10000&q=a80&n=0&g=0n&fmt=jpeg.jpeg



དཔལ་རྒྱལ་མཆོག་ཀརྨ་པའི་སྐུ་ཡི་འཁྲུངས་སྐར་ལ་སྙན་མོ་གླུ་ཡི་མཆོད་པ་འབུལ།




སྐྱབས་རྗེ་དཔའ་བོ་རིན་པོ་ཆེ་ནས་བསྟོད་ཚིག་ཕུལ།



གདངས།   འཇམ་བྷེ།


གཞས་མཁན།  གཡང་ཕྱུག་མཚོ།


རོལ་མོ།   ཇོ་ཤཱ་ཁར་པཎ་ཋར།  ཝང་ལེ་ཐིང་།



རོལ་མོ་སྡེབ་སྒྲིག   Billdisc 



640.png


ཀརྨ་པ།

གངས་དཀར་གྱི་་སེང་གེ་ཞིག། 

རྔམ་བརྗིད་དང་མཆེ་སྡེར་རྒྱས།  

སུ་ལའང་མི་འཇིགས་པར།  

སྤོབས་སེམས་ཀྱི་གཡུ་རལ་རྒྱས།  


རྩལ་ལྡན་གྱི་སྟག་མོ་ཞིག། 

འཛུམ་དྲུག་གི་རི་མོ་མཛེས།  

དཔའ་རྩལ་དང་ངར་ཁ་བཙན།  

ཞུམ་མེད་ཀྱི་སྙིང་སྟོབས་རྒྱས།  


བསིལ་ལྗོངས་ཀྱི་གཞོན་ནུ་ཞིག། 

བློ་གྲོས་ཀྱི་གཤོག་ཟུང་བརྐྱངས།  

འཛམ་གླིང་གི་མཁའ་ལ་འཕུར།  

མི་བུ་འདི་ཀརྨ་པ།




༄༅།།ཀརྨ་པའི་ཞབས་བརྟན་གསོལ་འདེབས། 



རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ།།



རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ།། 



རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ།།



ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ཞབས་བརྟན་གསོལ།།