རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་།

གྲུབ་དབང་རྫོགས་ཆེན་པའི་མཁན་ཆེན་ཁྲི་ཟུར་༧ཐུབ་བསྟན་པདྨ་བཀྲ་ཤིས་སམ་ལི་ཐང་ཨ་ཆོས་མཆོག་གིས་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་འགྲེལ་རིན་པོ་ཆེའི་སྤར་ཁབ་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་བརྒྱུད་པའི་བཤད་ཁྲིད་ཀྱི་བཀའ་དྲིན་ལོ་ལྟར་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུད་སྡེའི་འཛིན་གྲྭ་གཙོ་བོར་གྱུར་པའི་སློབ་ཚོགས་རྣམས་ལ་སྩོལ་བཞིན་པ།

IMG_8031.jpeg

7A91B1DC-4424-475E-B375-6AF4D72C67FD_1_201_a.jpeg

དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །

མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །

ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།