ཁྭ་ཏའི་ཁ་བ་དགོན་པའི་ངོ་མཚར་གཏམ་རྒྱུད། འགུལ་རིས་བརྙན་ཐུང་དང་པར་རིས།

འགུལ་རིས་བརྙན་ཐུང་།

640.jpeg


640-1.jpeg


“ ཨ་མའི་བུ་ལ་ཡོན་ཏན་ཡོད་ན། །དགའ་ལྡན་གསེར་ཁྲིར་བདག་པོ་མེད།།


གསུང་མཁན་གྱི་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་མཆོག་དང་།ཁོང་གི་སྦྱིན་བདག་གམ་བོད་ལོ་རྒྱུས་སྟེང་གི་ཚོང་དཔོན་ཆེན་པོ་ཚོང་དཔོན་ནོར་བཟང་།ད་དུང་ཁོང་གི་ཡུམ་ཤིང་བཟའ་ཨ་ཆོས་དང་ཁྭ་ཏའི་ཁ་བ་དགོན་པའི་ལོ་རྒྱུས་དང་བཅས་རང་རེའི་ཁྱད་མཚར་བའི་གཏམ་རྒྱུད་ཅིག་སྟེ་གཏམ་རྒྱུད་འདི་ནི་མཚོ་སྔོན་གྱི་གནའ་བོའི་དགོན་པ་ཁྭ་ཏའི་ཁ་བ་ནས་བྱུང་བ་ཡིན། ཁྭ་ཏའི་ཁ་བ་དགོན་པ་ནི་དེ་འདྲ་དགོན་སྡེ་ཆེན་པོ་ཞིག་མེད་ཀྱང་དགོན་པའི་མཚན་སྙན་ས་ཕྱོགས་ཀུན་ལ་ཁྱབ་ཡོད། ད་དུང་མི་རྣམས་ཀྱིས་

ཁྭ་ཏའི་ཁ་བ་དགོན་པ་མ་མཇལ་ན། དགོན་ཆེན་གསུམ་ལ་མཇལ་ཡང་མི་ཕན།ཞེས་པའི་བཤད་སྲོལ་ཡང་ཡོད། 


640-2.jpeg


ཡང་དེ་ལྟར་བཤད་པའི་རྒྱུ་མཚན་ནི་དགོན་པའི་ནང་དུ་རྟེན་གྱི་གཙོ་བོ་སྟེ་རྗེ་ཙོང་ཁ་པའི་རང་གཟུགས་ཐང་ག་ཞིག་ཡོད་པས་ཡིན་ལ། ངག་རྒྱུན་དུ་ཐང་ག་དེས་སྐད་ཆ་བཤད་ནུས་ཟེར་ལ།གཏམ་རྒྱུད་འདིས་མི་སྣ་གཙོ་ཤས་ཚོང་དཔོན་ནོར་བཟང་ཁོང་ནི་འཁྲུངས་པའི་དུས་སུ་ལག་ལ་སྲེག་པའི་སྒོ་ངའི་དབྱིབས་དང་འདྲ་བའི་འོད་ཟེར་སྣ་ཚོགས་ལམ་མེར་འཕྲོ་བའི་ནས་འབྲུ་ལྡོག་ཅིག་བཟུང་ཡོད་ལ།


640-3.jpeg


640-4.jpeg


ཚོང་དཔོན་མ་འཁྲུངས་པའི་སྔོན་དུ་ཁོང་གི་ཡུམ་ལ་གོང་མ་ལྷ་ཡི་ལུང་རྟེན་ཐོན་ནས་ཁོ་མོ་ལ་བྱིས་པ་འདིས་ལག་དུ་བཟུང་ཡོད་པའི་ནས་འབྲུ་དེ་ནི་ཁོ་ཡི་བླ་ནོར་ཡིན་ཞིང་། ངེས་པར་དུ་ཉར་ཚགས་ལེགས་པོ་བྱ་དགོས། མ་འོངས་པར་ཁོ་རང་མིང་དུ་གྲགས་པའི་ཚོང་དཔོན་ཆེན་པོ་ཞིག་ཏུ་འགྱུར་འགྲོ་མ་ཟད་དང་བླ་ཆེན་རྗེ་ཙོང་ཁ་པ་ཟེར་བ་ཞིག་གི་ཡོན་སྦྱིན་ཆེན་མོ་ཡང་ཡིན་ཞེས་གསུངས།


640-5.jpeg


   ཚོང་དཔོན་ནོར་བུ་བཟང་པོ་ཐེངས་བཞི་བ་དབུས་ལ་བསྐྱོད་དུས། རྗེ་ཙོང་ཁ་བ་མ་མཇལ་བའི་སྔོན་དུ་རྗེ་ཙོང་ཁ་པའི་ཡུམ་ཤིང་བཟའ་ཨ་ཆོས་ལ་མཇལ་དུ་སོང་།ཡུམ་གྱིས་རྗེ་རིན་པོ་ཆེ་དྲན་ནས་མ་བཟོད་པས་ཚོང་དཔོན་ལ་སྐྲ་ལོ་ལན་བུ་གཅིག་བསྐུར་ནས་ཁོ་མོས་བུ་ཧ་ཅང་དྲན་པས་རྗེ་ཙོང་ཁ་པ་ཁྱིམ་ལ་ལོག་པའི་རེ་བ་བཏོན།


640-6.jpeg


རྗེ་རིན་པོ་ཆེ་ཡིས་ཡུམ་གྱི་སྐྲ་ལོ་དང་སྐད་ཆ་ཐོས་རྗེས་ཁྱིམ་ལ་ལོག་པའི་འདུན་པ་དྲག་ཏུ་སྐྱེས་ཀྱང་། སྐབས་དེ་དུས་ནི་དགེ་ལུགས་པའི་གྲུབ་མཐའ་སྲོལ་མཛད་པའི་གནས་བབ་གལ་ཆེན་པོར་ཐུག་ཡོད་ཅིང་། གལ་ཏེ་ཁྱིམ་དུ་ལོག་ཚེ། 

ལམ་བར་གྱི་དུས་ཚོད་མང་པོ་ཞིག་དལ་འགོར་བྱས་འགྲོ་བསམ་ནས་ཁྱིམ་ལ་ལོག་མ་ཐུབ། 


640-7.jpeg

640-8.jpeg


    རྗེ་རིན་པོ་ཆེ་ཁོང་ཡང་ཨ་མ་དྲན་པའི་སྐྱོ་གདུང་མ་བཟོད་པས་སྣ་ཁྲག་བཞུར་སོང་། དེ་ལྟར་ཁོང་གིས་སྣ་ཁྲག་དང་ཚོན་རྩི་མཉམ་དུ་བསྲེས་ནས་རང་གཟིགས་ཐང་ག་ཞིག་བྲིས་པ་དང་། རྗེ་རིན་པོ་ཆེས་ཚོང་དཔོན་ནོར་བཟང་ལ་ཐང་ག་དེ་

ཡུམ་ཤིང་བཟའ་ཨ་ཆོས་ལ་བསྐུར། 


640-11.jpeg


  ཡུམ་ཤིང་བཟའ་ཨ་ཆོས་དང་འཕྲད་པའི་ཚེ། ཐང་ག་ནས་རྗེ་རིན་པོ་ཆེའི་སྐུ་གཟུགས་འཆར་ཞིང་ཁ་གྲགས་པ་ཡིན་ལ། ཉིན་མཚན་གསུམ་ལ་ཡུམ་དང་མཉམ་དུ་ཞལ་བརྡ་གནང་བ་རེད། 


640-12.jpeg

 

ཡུམ་ཤིང་བཟའ་ཨ་ཆོས་ཚེ་ལས་འདས་རྗེས།ཚོང་དཔོན་ནོར་བཟང་གིས་ཐང་ག་དེ་ནོར་བཟང་ཕོ་བྲང་གི་རྟེན་ལ་ཉར་ནས་བདག་སྐྱོང་ལེགས་པོ་བྱས། 


640-13.jpeg


  ལོ་བདུན་གྱི་འགོར་བའི་ཉིན་ཞིག་སུམ་རྩེན་ཡུལ་ནས་ལྷ་མོ་ལྔ་མི་ཡུལ་དུ་ཐང་ག་ལེན་དུ་འོང་བ་རེད། ཡིན་ནའང་ལྷ་མོ་ཚོས་ཚོང་དཔོན་ནོར་བཟང་གི་རྗེ་རིན་པོ་ཆེ་ལ་བཅངས་པའི་ལྷག་བསམ་མཐོང་ནས་ཐང་གའི་མ་ཕྱི་བཞག་ནས་དཔར་བྲིས་དེ་ཁྱེར་ནས་ཕྱིར་ལྷ་ཡུལ་དུ་ལོག

640-14.jpeg


640-15.jpeg




   དགུང་ལོ་དགུ་བཅུ་ལོན་པའི་ཉིན་ཞིག་ལ་ཁྭ་ཏ་ཞིག་གིས་ཐེངས་གསུམ་ལ་སྐད་རྒྱབ་རྗེས་ཁ་ནས་ནོར་བུའི་འོད་ཟེར་ཕྱོགས་བཞིར་འཕྲོས་སོང་། བྱང་ཆོས་རྒྱལ་གྱིས་དེ་ནི་ནོར་བཟང་ཕོ་བྲང་དེ་དགོན་སྡེ་ཞིག་ཏུ་

འགྱུར་བའི་ལུང་བསྟན་ཡིན་པར་གསུངས་པས།


640-16.jpeg


 རྗེས་སུ་ནོར་བཟང་ཕོ་བྲང་ནི་དགོན་པར་གྱུར་སོང་བ་དང་། དགོན་མིང་ལ་ཁྭ་ཏའི་ཁ་བ་དགོན་པ་ཞེས་ཐོགས་བ་རེད། 


640-18.jpeg



རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།