སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་གིས་ལོ་ངོ་བཅུ་ཕྲག་རིང་བོད་ལུགས་གསོ་བ་རིག་པའི་རྒྱུན་འཛིན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ་ཁམས་ཁུལ་གཙོས་བོད་མདོ་དབུས་ཁམས་གསུམ་དང་རྒྱ་ནག་གི་གྲོང་ཁྱེར་བཅས་སུ་བོད་ཀྱི་གསོ་རིག་གི་བསྟན་པ་སྤེལ་ཞིང་འགྲོ་བ་ནད་པ་མང་པོར་བདེ་ཐང་གི་ཕན་པ་བླ་མེད་བསྐྲུན་པའི་ཚད་ལྡན་བོད་ཀྱི་སྨན་པའི་དཔུང་སྡེ་སྐྱེད་སྲིང་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྲུབ་ཡོད།
2018 ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཆོག་མཆན་ཡིག་ཆ་(2017)ཨང་812 བརྒྱུད་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་མཉམ་འབྲེལ་གྱིས་བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་རྫས་ཆེད་སྦྱོང་གི་ཞིང་ཆེན་རིམ་པའི་དེང་རབས་དགེ་སློབ་ལམ་ལུགས་ཚོད་ལྟ་བྱེད་གནས་སུ་ཚུགས་ཤིང་།
2019 ལོར་ཞིང་ཆེན་རིམ་པའི་དགེ་སློབ་ལམ་ལུགས་ཀྱི་དངོས་གཞིའི་སློབ་གནས་དངོས་སུ་འཕར་ཐུབ་པ་བྱུང་།
སྡེ་དགེ་རྫོགས་བཻཌཱུརྱ་གསོ་དཔྱད་གླིང་གིས་བོད་ཀྱི་གསོ་རིག་རྩ་བའི་གཞུང་ལུགས་རྒྱུད་བཞིའི་ཁོག་བཙུགས། གསོ་རིག་མཁས་པའི་ཚད་ལྡན་གཞུང་བཤད་དང་ཉམས་མྱོང་མན་ངག་ཟབ་མོས་ཟུར་བརྒྱན་པའི་གཞུང་ལུགས་ཀྱི་འཆད་ཁྲིད་དང་། སྨན་ཁང་ཡུལ་དངོས་ནས་ནད་ཐོག་དཔྱད་བཅོས་ཀྱི་ལག་ལེན་དམར་ཁྲིད་། སྨན་རྫས་ངོ་སྤྲོད། དུས་སུ་བཏུ་ཚུལ། སྨན་སྦྱོར་ལག་ལེན་བཅས་ཟུང་དུ་འབྲེལ་ཏེ། བརྒྱུད་པའི་དབང་ལུང་མན་ངག་གི་སྲོལ་རྒྱུན་མ་ཉམས་ཤིང་། དེང་རབས་ཐབས་རྩལ་གྱི་གསར་བཏོད་སྤེལ་བ་བཅས། རིག་གཞུང་དང་ལག་ལེན། སྲོལ་རྒྱུན་དང་གསར་བཏོད་འབྲེལ་བའི་ཁྱད་ཆོས་ཅན་གྱི་བོད་ཀྱི་སྨན་པ་ཚད་ལྡན་གསོ་སྐྱོང་བགྱི་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
ཞིབ་ཕྲའི་སློབ་བསྡུའི་བླང་བྱ་ནི། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི2019ལོའི་སློབ་བསྡུའི་གསལ་བརྡ་ལས་གསལ།
ཆེད་སྦྱོང་། བོད་ལུགས་གསོ་རིག་དང་བོད་སྨན།
ཆེད་ལས་ཚབ་ཨང་། 101400
སློབ་མའི་ཆ་རྐྱེན། ད་ལོ་དང་དེའི་སྔོན་སློབ་འབྲིང་མཐར་ཕྱིན་ཡིན་ལ། ལོ16—24བར་ཀྱི་སློབ་མ་བསྡུ་འཆར།
བོད་ཡིག་གི་རྨང་གཞི་ལེགས་ཙམ་ཡོད་པ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསོ་རིག་འཛིན་གྲྭའི་སློབ་བསྡུ་དང་གཅིག་མཚུངས།
སློབ་ཁྲིད་བྱེད་ས།
སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་། (སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ)མིང་ཐོ་འགོད་པའི་དུས་ཚོད། 2019.6.1 ནས 16 བར་ཡིན།
མིང་ཐོ་འགོད་ས། སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་།
རྒྱུགས་ལེན་ས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།
རྒྱུགས་ལེན་དུས་ཚོད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་གཅིག་མཚུངས་ཡིན།
སློབ་མ་བསྡུ་གྲངས། ལོ་རེར་སློབ་མ་40བསྡུ་བ།
སློབ་ཡུན། ལོ་བཞི།
སློབ་ཡོན་དང་འཚོ་བ། ལོ་བཞིའི་རིང་སློབ་ཡོན་མི་དགོས་ཞིང་ཟ་མ་དང་ཉལ་ཁང་གི་རིན་སོགས་སློབ་གྲྭ་ལ་སྤྲོད་མི་དགོས། གཞན་ཟླ་རེར་སློབ་མ་རེ་ལ་རྒྱལ་ཁབ་ཀྱིས་འཚོ་བའི་རོགས་དངུལ་དམངས་སྒོར་200རེ་སློབ་མ་སྒེར་ལ་སྤྲད་རྒྱུ།
སློབ་གཉེར་བརྒྱུད་རིམ། སྡེ་དགེ་རྫོགས་ཆེན་བཻ་ཌཱུརྱ་གསོ་དཔྱད་སློབ་གླིང་ནས་སློབ་སྦྱོང་བརྒྱུད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སློབ་ཐོན་ལག་ཁྱེར་སྤྲད་རྒྱུ།
སྡེ་དགེ་རྫོགས་ཆེན་འབྲེལ་གཏུག་ཁ་པར།
དགེ་རྒན་དོན་འགྲུབ།18180369137
དགེ་རྒན་མཁར་འབུམ་ཡག15202508188