༄༅།།སྔ་འགྱུར་རྩ་བའི་གདན་ས་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་བཀའ་མའི་སྒྲུབ་འཕྲིན་ཕྱག་བཞེས་སླར་གསོ་དར་སྤེལ་བགྲོ་གླེང་ཐེངས་དང་པོ་སྤེལ་བ། ༢༠༡༨
གྲུབ་དབང་རྫོགས་ཆེན་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ།
ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས།
སྔ་འགྱུར་བསྟན་པའི་རྩ་བ་མདོ་སྒྱུ་སེམས།
ཡང་ཕུར་སངས་རྒྱས་མཉམ་པར་སྦྱོར་ལ་སོགས།
བཀའ་མའི་སྒྲུབ་ཆེན་ཕྲིན་ལས་སྲོལ་བཏོད་པའི།
ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས།
གྲུབ་དབང་༧རྫོགས་ཆེན་རིན་པོ་ཆེའི་གསུང་རྩོམ།
རིམ་དགུ་ཐེག་པའི་ཡང་བཅུད་ནང་རྒྱུད་གསུམ།།
བསྟན་པའི་སྙིང་པོ་མདོ་སྒྱུ་སེམས་ཕྱོགས་ཀྱི།།
སྒྲུབ་སྡེའི་བཀའ་སྲོལ་འཁྲུལ་མེད་ཕྱག་བཞེས་ཀྱི།།
ཐོག་མའི་ཤིང་རྟ་ཆོས་རྗེ་སྨིན་གླིང་པ།།
དེ་ཡི་རིང་ལུགས་ལྗོངས་འདིར་བརྒྱུད་པའི་སྲོལ། །
མ་ཉམས་ཕྱི་མའི་དུས་འདིར་ཉི་ཟླ་བཞིན། །
གསལ་བ་འདི་ཀོ་གྲུབ་དབང་རྫོགས་ཆེན་པ།།
ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་བསྐྱེད་མཐུ།།
དེ་ལས་བྱུང་བའི་རྒྱུན་བཟང་གངྒའི་གཏེར།།
ཕྱོགས་སུ་བབས་པ་གསང་ཆེན་སྔ་འགྱུར་པའི། །
ཆོས་ཀྱི་སྡེ་གྲྭ་ཆེ་ཕྲ་ཇི་སྙེད་དུ། །
འཁྱིལ་བའི་དན་རྟགས་ཕྱི་མའི་མཐར་ཡང་མངོན།།
མཁས་དང་གྲུབ་པའི་རིང་ལུགས་འཁྲུལ་བྲལ་སྲོལ།།
དུས་ཀྱི་རྒུད་པས་ལྷག་མ་བྱས་པའི་ཤུལ། །
མཐོང་བས་མ་བཟོད་དགུ་འགྱུར་སྙིང་སྟོབས་ལ།།
འགྱུར་མེད་དམ་བཅའི་བཀའ་རྟགས་སླར་ཡང་བཀོད།།
དགེ་འདིིས་གསང་ཆེན་བསྟན་པའི་མཁའ་ཡངས་པོར།།
བཀའ་གཏེར་བསྟན་པའི་ཉི་མ་འབུམ་བརྡལ་ཞིང་།།
རིམ་གཉིས་བསྐྱེད་རྫོགས་འོད་སྟོང་འབར་བའི་གཟིས།།
འགྲོ་བློའི་སྙིང་གི་མུན་པ་མཐར་བྱེད་ཤོག།
བསྟན་འཛིན་ལུང་རྟོགས་ཉི་མས་སྨོན་པ་དགེ།
རྫོགས་ཆེན་གྲ་མང་མཁན་པོ་ཐུབ་བསྟན་ཚེ་འཕེལ།
བསྟན་བདག་ཁྲི་བ་རྫོགས་ཆེན་མཆོག་གླིང་རིན་པོ་ཆེ།
ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས།
རྒྱུད་འབུམ་ལ་སོགས་བཀའ་མའི་རྒྱུན།།
སྙིང་ཐིག་ཡ་བཞི་སྒྲུབ་སྡེ་བརྒྱད།།
ཡོད་ན་སྔ་འགྱུར་བསྟན་པ་ཡོད། །
མེད་ན་དེ་ཉིད་ཉམས་པའི་རྟགས།
རྫོགས་ཆེན་རིན་པོ་ཆེས་གསུང་བཤད་གནང་བཞིན་པ།
ཀཿཐོག་མཁན་པོ་ཚེ་རིང་རྡོ་རྗེ།
གསེར་རྟ་བླ་རུང་གི་མཁན་ཆེན་རིག་དར།
དཔལ་ཡུལ་མཁན་པོ་ཨོ་རྒྱན་ཚེ་རིང་།
ཡ་ཆེན་ཆོས་སྒར་གྱི་མཁན་པོ་ཡེ་ཤེས་དོན་རྟོགས།
ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་ཤེས་བྱ།
འབའ་གླིང་དཀར་གཤིས་ཀྱི་མཁན་སྤྲུལ་ཀུན་དགའ་བསྟན་འཛིན།
ལི་མདོའི་མཁན་པོ་ཟླ་དབང་།
རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་རིན་པོ་ཆེ།
གླག་བྲག་རྫོང་དགོན་གྱི་རྡོ་རྗེ་སློབ་དཔོན་ཨོ་རྒྱན་ཚེ་རིང་།
རྫོགས་ཆེན་སྒྲུབ་སྡེ་འོད་གསལ་གླིང་གི་མཁན་པོ་ཚེ་ནོར།
འབའ་ཤིང་ཁྲི་དགོན་གྱི་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས།
རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་ཟུར་ལི་ཐང་ཨ་ཆོས།
གྲ་ལག་དགོན་མཁན་ཆོས་དབྱིངས།
ཉག་བསྐལ་བཟང་དགོན་བླ་མ་བསོད་ནམས་རྡོ་རྗེ།
ཉག་ལྕགས་མདུད་དགོན་བླ་མ་དྲི་མེད།
རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེ།
མགོ་ལོག་སྟོང་སྐྱབས་དགོན་པའི་མཁན་ཀུན་བཟང་རབ་ལྡན།
ཕུ་ཁང་དགོན་པའི་མཁན་པོ་ནམ་མཁའ་སྐྱབས།
རྫོགས་ཆེན་མཁན་འཇམ་དབྱམས་ཟླ་བ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།