མཁན་སྤྲུལ་ཨོ་རྒྱན་རིག་འཛིན་མཆོག་རྫོགས་ཆེན་བུམ་སྒྲུབ་ཀྱི་ཚོགས་དབུར་བཞུགས་པ།

ལོ་འདིར་མཁན་རིན་པོ་ཆེ་གྲུབ་དབང་རྫོགས་ཆེན་པའི་བུམ་སྒྲུབ་རྡོ་རྗེ་སློབ་དཔོན་གྱི་གསེར་ཁྲིར་བཞུགས་སུ་གསོལ་བ་ནི། སླད་ཕྱིན་གྲུབ་དབང་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའི་བསྟན་པའི་གསལ་བྱེད་ཆེན་མོར་ཆེད་དུ་མངའ་གསོལ་བ་ཡིན་ལ།  ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཆེས་མཐོའི་བསྟན་པའི་བདག་པོའི་ཁྲིར་བཀོད་པའི་སྲོལ་ཐོག་མ་ཡིན་པས། དམ་པ་མཆོག་གི་སྐུ་ཚེ་ལ་བར་ཆད་མེད་པར་ཡུན་ནས་ཡུན་དུ་འཚོ་བཞེས་ངང་། གྲུབ་དབང་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའི་བསྟན་པའི་ཐུགས་འགན་སྔར་བས་ལྷུར་བཞེས་དང་། ཁྱད་དུ་འཕགས་པའི་མཛད་འཕྲིན་གྱི་སྒོ་མོ་བརྒྱ་ཕྲག་འབྱེད་པར་གསོལ་བ་འདེབས་པ་ལགས་ན། རྩ་གསུམ་དམ་ཅན་སྲུང་མས་མགོན་དཔུང་དང་།  སྤྱི་བྱེའི་བསྟན་ལ་ལྷག་པའི་བསམ་པ་ཅན་དགེ་འདུན་དད་ལྡན་ཡོངས་ནས་དམ་པའི་སྐྱེས་བུའི་ཡོན་ཏན་གྱི་ཕུང་པོ་མཇལ་ཞིང་། བསྟན་འགྲོར་སྨན་པའི་མཛད་འཕྲིན་ལ་ཞབས་ཞུ་མཐུན་འགྱུར་མི་གཡེལ་བའི་གསལ་འདེབས་སྨོན་པ་བརྒྱ་ཕྲག་བཅས། བསྟན་འཛིན་ལུང་རྟོགས་ཉི་མས་ཞུ།

རྫོགས་ཆེན་ཁྲི་བ་མཁན་སྤྲུལ་ཨོ་རྒྱན་རིག་འཛིན།

WechatIMG1360.jpeg

WechatIMG266.jpeg

WechatIMG267.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།