གྲུབ་དབང་རྫོགས་ཆེན་པའི་ཆོས་བརྡ།

WechatIMG19.jpegགསལ་བརྡ། 

  མཁས་བཙུན་གྲུབ་པའི་དབང་པོ་༧ སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་འདི་ལོར་རྫོགས་ཆེན་སྒྲུབ་སྡེ་གསང་ཆེན་ངེས་དོན་གླིང་དུ་མཁའ་འགྲོ་སྙིང་ཐིག་གི་ཟབ་ཆོས་ཟླ་ཁྲིད་སྩལ་གནང་ལ་ཆོས་ཕྱོགས་ཀྱི་མཛད་པ་གཞན་གྱི་དབང་གིས་དུས་ཚོད་ཅུང་སླར་ཕྱིར་སྣུར་བྱས་པར། 

བོད་ཟླ་བདུན་པའི་ཚེས་༣ སྤྱི་ཟླ་༨པའི ་༢༤ ་རེས་གཟའ་ཕུར་བུའི་ཉིན་ནས་དབུ་འཛུག་རྒྱུ་ཡིན་པས་ཆོས་དོན་གཉེར་པ་ཡོངས་ཀྱིས་དེ་ལུགས་ཐུགས་ངེས་འཚལ་ཞེས།།

          

སྔ་འགྱུར་གྲུབ་དབང་རྫོགས་ཆེན་དགོན་ལས་འཛིན་ཚོགས་པས་སྤེལ།། 

༢༠༡༧  ལོའི་ སྤྱི་ཟླ་ ༨ ཚེས  ༡༧ ལ། 


རྫོགས་ཆེན་སྒྲུབ་སྡེ་གསང་ཆེན་ངེས་དོན་གླིང་།

WechatIMG17.jpeg

WechatIMG16.jpeg

WechatIMG3.jpeg

གསལ་བཤད།          

ངོས་ནས་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་འགྲེལ་བ་ཤིང་རྟ་བཟང་པོ་གྲུབ་དབང་རྫོགས་ཆེན་གཉིས་པའི་ཞལ་སྔ་ནས་མཛད་པ་བཤད་ཁྲིད་དང་བསྟུན་སྔོན་འགྲོ་ཕྱི་ནང་རུ་ཤན་བཅས་ཁྲིད་སྦྱང་གྲུབ་མཚམས།  དངོས་གཞི་རིག་པའི་རྩལ་དབང་དང་། མཁའ་འགྲོ་སྙིང་ཐིག་གི་དངོས་གཞིའི་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་ཁྱབ་བདག་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་ཟླ་བ་བརྒྱད་པའི་ཚེས་གསུམ་ནས་བསྩལ་རྒྱུ་ཡིན་པའི་བབ་ཚུལ་དོན་གཉེར་ཅན་དག་གིས་ཐུགས་ངེས་འཚལ།  ཞེས་གྲུབ་དབང་རྫོགས་ཆེན་བདུན་པ་༧བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།