ཚེ་སྒྲོན་གྱི་དེབ་གསར་ཐོག་མ་༼ བྱིས་པ་ཚོ་དང་ངའི་སེམས་ ༽པར་བསྐྲུན་བྱས་འདུག

640-3.jpeg



ཚེ་སྒྲོན།  1984ལོར་རེབ་གོང་རིག་འབྱུང་ས་དཀྱིལ་སྡེ་བར་སྐྱེས།  

2007ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་སློབ་མཐར་ཕྱིན།  

2005ལོར་ཨ་མདོ་བརྙན་འཕྲིན་ཁང་བྱིས་པའི་ཚན་ཁག་གི་བོད་སྐད་མདོ་འཛིན་པའི་བྱ་བར་ཞུགས།




བྱིས་པ་ཚོ་དང་ངའི་སེམས་ཞེས་པའི་དེབ་ཆུང་འདི་ནི་རང་ཉིད་གཞི་རིམ་གྱི་སློབ་གྲྭ་གང་མང་ལ་ལེ་ཚན་ཕབ་བསྐྲུན་བྱེད་དུ་སོང་བ་བརྒྱུད། བྱིས་པའི་སེམས་ཁམས་དང་བསྟུན་ཅི་ཐུབ་ཀྱིས་འབྲེལ་འདྲིས་གང་མང་བྱས་ནས་འཚོལ་སྙེག་བྱས་པའི་རེ་བའི་མར་མེ་ཆུང་ཆུང་དག་ཚིག་གི་ཕྲེང་བར་བརྒྱུས་པ་ཡིན་ལ། རང་གིས་བྱ་བའི་བར་གསེང་ནས་རྙེད་པའི་མུ་ཏིག་གི་ཕྲེང་བ་ཆུང་ཆུང་འདི་དག་བྱིས་པ་ཚོའི་མ་འོངས་བའི་ལམ་ཆེན་སྟེང་དུ་ནོར་བུ་ཆེན་པོ་ཞིག་ཏུ་འགྱུར་བར་སྨོན།།


640-2.jpeg


ཨ་མདོ་བརྙན་འཕྲིན་ཁང་གི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་དང་༼བོད་ཡུལ་དུ་བསྐྱོད་པ༽ཞེས་པའི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཆེན་མོ། དམངས་ཁྲོད་ལོ་སར་སྤྲོ་ཚོགས་ཆེན་མོ། རྡུང་་ལེན་འགྲན་བསྡུར་དང་སྙན་ངག་གྱེར་འདོན་འགྲན་བསྡུར་བཅས་རེ་འགའ་དང་། 2009ལོ་ནས་ད་བར་དུ་ལོ་རེ་རེའི་བྱིས་པའི་ལོ་སར་སྤྲོ་ཚོགས་ཆེན་མོ།2015ལོའི་སྐབས་དང་པོའི་༼མེ་ཏོག་གངས་ལྷ༽རྟགས་མའི་བྱིས་པའི་གླུ་གཞས་འགྲན་བསྡུར་བཅས་གཙོ་བྱས་རིག་རྩལ་སྤྲོ་ཚོགས་ཆེ་མ་ཆུང་གསུམ་གང་མང་ཞིག་ལ་འགོ་འཛིན་བྱས་མྱོང་། 

640-1.jpeg


  གནས་དུས་གང་ཞིག་ཡིན་རུང་། མི་སེམས་ཀྱི་ཆགས་སྡང་གི་དབང་གིས། རྟགས་པར་མི་དང་མིའི་བར་ལ་འགལ་བ་སྣ་ཚོགས་ཤིག་འབྱུང་སྲིད་པ་ཡིན་མོད། ང་ཚོས་ནམ་རྒྱུན་ཕན་ཚུན་ལ་བརྩི་བཀུར་དང་བཟོད་སྒོམ་གནང་ན། རང་གཞན་གཉིས་ཀ་བདེ་ཞིང་སྐྱིད་ངེས།

《བྱིས་པ་ཚོ་དང་ངའི་སེམས》ལས། 

   《བྱིས་པ་ཚོ་དང་ངའི་སེམས》ཞེས་པའི་དཔེ་དེབ་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་འདོད་ན་གཤམ་གྱི་རྩ་གཉིས་ཨང་བཤེར་བརྒྱུད་ནས་ངེད་འཕྲིན་སྟེགས་ལ་དོ་ཁུར་བྱ་རོགས། ངེད་ཅག་གིས་ནང་དོན་གསར་ཤོས་དུས་ཐོག་ཏུ་སྤེལ་ངེས།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།