མཆོག་སྤྲུལ་གུར་དགའ་རིན་པོ་ཆེས་ཕྱག་བཏབ་པའི་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་།

༄༅། །སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་ཐོག་མར་ཕྱག་འདེབས་བྱེད་པ་པོ་སྤྲུལ་སྐུ་གུར་དགའམ་རྫོགས་ཆེན་མཆོག་གླིང་རིན་པོ་ཆེན་ནི་༡༩༦༨་ལོར་རྫོགས་ཆེན་དུ་སྐུ་འཁྲུངས་ཤིང་༡༩༨༢ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས།   རྫོགས་ཆེན་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་སྐྱེ་སྤྲུལ་དུ་ངོས་འཛིན་ཞུས། ཁོང་གིས་བོད་ཀྱི་ཆོས་རིག་ལ་ལྷག་བསམ་ཡོད་རྒུས་སློབ་སྟོན་དང་དངོས་ཕན་བསྟན་བཞེངས་ཀྱི་མཛད་པ་གནང་བཞིན་པ་དང་།  རིམ་པར་རྫོགས་ཆེན་ཤྲཱི་སེང་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པ་དང་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སློབ་གཙོ། ད་ལྟའི་གྲུབ་དབང་རྫོགས་ཆེན་དགོན་གྱི་བསྟན་བདག་ཁྲི་པའི་འགན་བཞེས་ཀྱི་ཕྱག་ལས་གནང་བཞིན་ཡོད།

WechatIMG2069.jpeg

སྤྱི་ལོ་༢༠༠༥་ལོར་བཻཌཱུརྱ་གསོ་དཔྱད་གླིང་དང་༢༠༠༨ ལོར་དེའི་ཡན་ལག་གསོ་རིག་སློབ་གྲྭ་བཏབ་པ་དང་། 

WechatIMG2064.jpeg

 ལྷག་པར་ཏུ་སྤྱི་ལོ་གཉིས་སྟོང་དགུ་ལོ་ནས་བཟུང་སློབ་གཙོ་དོན་གྲུབ་ལགས་གཙོར་མཛད་དགེ་རྒན་དང་ལས་བཟོ་བ་༡༥ཡས་མས་ཞིག་གི་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས།  སློབ་གྲྭས་སྔ་ཕྱིར་སློབ་མ་༢༡༨ལྷག་གསོ་སྐྱོང་གནང་ཡོད་ལ། དེའི་ནང་ནས་སློབ་མ་བརྒྱ་ཆའི་དགུ་བཅུ་གོ་ལྔ་གསོ་རིག་ཞིབ་འཇུག་སློམ་མ་དང་ཁུལ་སྨན་ཁང་ཡུལ་ཚོའི་སྨན་ཁང་བཅས་སུ་ཕྱག་ལས་གནང་བཞིན་ཡོད།

WechatIMG2063.jpeg

 དེ་ཕྱིས་སྤྱི་ལོ་༢༠༡༥ལོ་ནས་བཟུང་སྒོར་ཁྲི་སྟོང་ཕྲག་མང་པོའི་འགྲོ་སོང་བཏང་སྟེ་སྤྱི་ལོ༢༠༡༩ལོར་མཛེས་ཤིང་རྔམ་བརྗིད་ལྡན་པའི་སློབ་གླིང་གསར་བ་ཞིག་ངང་གིས་འགྲུབ་སོང་།

WechatIMG2047.jpeg

ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་༣༩་དང་སློབ་མ་༢༨༣བཅས་ཁྱོན་བསྡོམས་དགེ་སློབ་༣༢༢མཆིས།  དེ་དག་གི་ཁྲོད་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་མཉམ་དུ་སྒྲུབ་གནང་མཛད་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཅན་གྱི་གསོ་རིག་འཛིན་གྲྭ་གསུམ་རི་མོའི་འཛིན་གྲྭ་གསུམ་བཅས།

WechatIMG2038.jpeg

སློབ་གྲྭ་འདིའི་སློབ་ཁྲིད་དང་དོ་དམ། འཚོ་བ་སོགས་ཕུན་སུམ་ཚོགས་པར་མ་ཟད། སློབ་མ་རྣམས་ལ་སློབ་སྦྱོང་དང་འཕྲོད་བསྟེན། དེ་བཞིན་གུས་ལུགས་ཀྱི་འདུ་ཤེས་དེ་འང་ཡག་པོ་ཆགས་འདུག  ལྷག་པར་དུ་ལྷག་བསམ་དང་ཆོད་སེམས་ལྡན་པའི་དགེ་རྒན་གྱི་དཔུང་སྡེ་རྨད་དུ་བྱུང་བ་དག་གི་སྣེ་ཁྲིད་འོག་སློབ་མ་མང་པོའི་མཐུན་སྒྲིལ་གྱི་དཔུང་བ་མཉམ་དུ་གཤིབས་ནས་མདུན་དུ་སྐྱོད་བཞིན་མཆིས།

WechatIMG2039.jpeg

དེ་བཞིན་དུ་སློབ་རྣམས་ཀྱིས་རང་རང་གི་སློབ་སྦྱོང་གང་མོས་ལྟར་ལ་ལས་ཐང་ཀ་འབྲི་སྦྱོང་དང་། ལ་ལས་བོད་སྨན་འདུལ་སྦྱོང་། སྨན་རྫས་ངོས་འཛིན། སྐད་གཉིས་སློབ་སྦྱོང་སོགས་རང་རང་གི་ལས་ལ་བརྩོན།

WechatIMG2040.jpeg

 སློབ་གྲྭ་འདིའི་གཟའ་འཁོར་རེ་ལ་གཟའ་སྤེན་པའི་མཚན་སྦྱོང་བེད་སྤྱད་ནས་འཛིན་གྲྭའི་རིག་རྩལ་གྱི་འཁྲབ་སྟོན་དང་། ཟླ་རེར་ཚེས་༨་དང་ཚེས་༢༨་ལ་སློབ་གྲྭ་སྤྱིའི་རིག་རྩལ་འཁྲབ་སྟོན་དང་ཤེས་རིག་བགྲོ་གླེང་བཅས་སྤེལ་བཞིན་ཡོད་དོ།།

WechatIMG2042.jpeg

དེ་མིན་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ལ་གསོན་ཉམས་ལྡན་ལ་གནའ་དེང་ཟུང་འབྲེལ་གྱི་རིགས་པའི་གཏིང་ཟབ་ལ་རོ་བཅུད་མ་ཡལ་ཞིང་། ཤེས་རིག་གི་བདུད་རྩི་ལ་མངོན་པར་རོལ་བའི་དག་ཞིང་གི་གནས་མཆོག་ཞིག་ཏུ་གྲུབ།

WechatIMG2043.jpeg

མདོར་ན། སློབ་གྲྭ་འདིར་ཞིབ་འཇུག་སློབ་ཁྲིད་ཀྱི་ཐོག་ཁང་དང་། སྣ་འཛོམས་ཐོག་ཁང་། སློབ་ཁྲིད་ཐོག་ཁང་། གཞུང་ལས་ཐོག་ཁང་། དགེ་རྒན་དང་སློབ་མའི་སྡོད་ཁང་། ཟ་ཁང་། ལུས་རྩལ་ཁང་། ལུས་རྩལ་ཐང་ཆེན། སྐལ་བཟང་ཚོམས་ཆེན་བཅས་ཕྱིའི་འཛིགས་སྐྲུན་ཕུན་སུམ་ཚོགས་ལ་ནང་གི་སྒྲིག་ལམ་ཡིད་དུ་འོང་བས། མི་མང་པོ་དང་མགོ་ཁྲིད་མང་པོས་སྡེ་དགེའི་སློབ་གྲྭ་ཆེན་མོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་བླ་མེད་གཏོར་ཡོད་དོ།།

WechatIMG2061.jpeg

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།