དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་རེའུ་མིག | ||
མཚན། | སྲིད་སྐྱོང་དུས་ཚོད། | |
༡ | རྒྱལ་བ་བློ་བཟང་རྒྱ་མཚོ། | ༡༦༤༢་་༡༦༧༩ |
༢ | སྡེ་སྲིད་སངས་རྒྱས་རྒྱ་མཚོ། | ༡༦༧༩་་༡༧༠༣ |
༣ | ངག་དབང་རིན་ཆེན། | ༡༧༠༤་་༡༧༠༦ |
༡༧༠༧་་༡༧༡༧ | ||
སྐབས་དེའི་རིང་སོག་པོ་ལྷ་བཟང་གིས་རྒྱབ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་ཏེ་ལྷ་བཟང་གིས་ངོས་འཛིན་པའི་ཡེ་ཤེས་རྒྱ་མཚོ་ཞེས་པ་རྒྱལ་བ་སྐུ་ཕྲེང་དྲུག་པའི་ཁྲིར་བཀོད་པ་སོགས་ཀྱི་ཟང་ཟིང་དང་སྤྱི་ལོ་༡༧༡༧ལོ་ལྷ་བཟང་བཀྲོངས་སོ། ། | ||
༤ | སྟག་རྩེ་ལྷ་རྒྱལ་རབ་བརྟན། | ༡༧༡༧་་༡༧༢༠ |
༥ | རྒྱལ་བ་བསྐལ་བཟང་རྒྱ་མཚོ། | ༡༧༢༠་་༡༧༢༨ |
༦ | ཕོ་ལྷ་བསོད་ནམས་སྟོབས་རྒྱལ། | ༡༧༢༨་་༡༧༤༧ |
༧ | འགྱུར་མེད་རྣམ་རྒྱལ། | ༡༧༤༧་་༡༧༥༠ |
༨ | རྒྱལ་བ་བསྐལ་བཟང་རྒྱ་མཚོ། | ༡༧༥༠་་༡༧༥༧ |
༩ | དེ་མོ་བདེ་ལེགས་རྒྱ་མཚོ། | ༡༧༥༧་་༡༧༧༧ |
༡༠ | ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས། | ༡༧༧༧་་༡༧༨༡ |
༡༡ | རྒྱལ་བ་འཇམ་དཔལ་རྒྱ་མཚོ། | ༡༧༨༡་་༡༨༠༤ |
༡༢ | རྟ་ཚག་བསྟན་པའི་མགོན་པོ། | ༡༨༠༤་་༡༨༡༡ |
༡༣ | དེ་མོ་ཐུབ་བསྟན་འཇིགས་མེད། | ༡༨༡༡་་༡༨༡༩ |
༡༤ | ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས། | ༡༨༡༩་་༡༨༤༤ |
༡༥ | པན་ཆེན་བསྟན་པའི་ཉི་མ། | ༡༨༤༤་་་་༡༨༤༥ |
༡༦ | རྭ་སྒྲེང་ངག་དབང་ཡེ་ཤེས། | ༡༨༤༥་་༡༨༥༥ |
༡༧ | རྒྱལ་བ་མཁས་གྲུབ་རྒྱ་མཚོ། | ༡༨༥༥ལོ། |
༡༨ | རྭ་སྒྲེང་ངག་དབང་ཡེ་ཤེས། | ༡༨༥༥་་༡༨༦༢ |
༡༩ | བཤད་སྒྲ་དབང་ཕྱུག་རྒྱལ་པོ། | ༡༨༦༢་་༡༨༦༤ |
༢༠ | སྡེ་དྲུག་མཁྱེན་རབ་དབང་ཕྱུག | ༡༨༦༤་་༡༨༧༢ |
༢༡ | རྒྱལ་བ་འཕྲིན་ལས་རྒྱ་མཚོ། | ༡༨༧༣་་༡༨༧༥ |
༢༢ | རྟ་ཚག་དཔལ་ལྡན་ཡེ་ཤེས། | ༡༨༧༥་་༡༨༨༦ |
༢༣ | དེ་མོ་འཕྲིན་ལས་རབ་རྒྱས། | ༡༨༨༦་་༡༨༩༥ |
༢༤ | རྒྱལ་བ་ཐུབ་བསྟན་རྒྱ་མཚོ། | ༡༨༩༥་་༡༩༠༦ |
སྤྱི་ལོ་༡༨༩༥་ནས་༡༩༠༦ཞེས་འཁོད་འདུག་པར་སྦྲགས་ཁང་དང་དངུལ་དཔར་ཁང་བཙུགས་འབྲེལ་མེད་ལྟ་བུར་གྱུར་འདུག་པར་བརྟེན་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་སྐུ་མ་གཤེགས་བར་སྲིད་བསྐྱངས་པར་སྙམ་པས་སྤྱི་ལོ་༡༨༩༥ནས་༡༩༣༣བར་ཡིན་པར་སེམས། ། | ||
༢༥ | རྭ་སྒྲེང་འཇམ་དཔལ་ཡེ་ཤེས། | ༡༩༣༤་་༡༩༤༠ |
༢༦ | སྟག་བྲག་ངག་དབང་གསུང་རབ། | ༡༩༤༡་་༡༩༥༠ |
༢༧ | རྒྱལ་བ་བསྟན་འཛིན་རྒྱ་མཚོ། | ༡༩༥༠་་༡༩༥༩ |
དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་རེའུ་མིག་འདི་ནི་པད་མ་ར་གའི་ལྡེ་མིག་གཞིར་བཞག་པ་ཡིན་ནོ། ། |
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།