ཨ་བྲ་དང་སྐྱེ་ཁམས་མ་ལག
༢ མི་དང་སྲོག་ཆགས། སྐྱེ་དངོས་སོགས་གང་ཡིན་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས་ང་ཚོས་ཕན་ཚུན་བརྩེ་བའི་སྐྱོང་དགོས།
༣ ལུག་ཆུ་དང་ཨ་བྲའི་ཞི་འཇགས་ཀྱི་འཚོ་བ་རོལ་བ།
༤ ཨ་བྲའི་གཉེན་པོ་ཝ་དང་སྦྲེ་སོགས་རྔོན་པ་དག་གིས་བསད་དེ་རྩ་མེད་བྱས་རྐྱེན་སྐྱེ་ཁམས་དོ་མཉམ་མ་ཡོང་བས་དབང་གིས་ཨ་བྲ་ཇེ་མང་དུ་སོང་བ་རེད།དེ་དང་བསྟུན་ནས་རྩྭ་ཐང་ལ་གནོད་པ་ཚབ་ཆེན་བཟོས་པ་དང་འབྲོག་པ་དག་གིས་མཇུག་འབྲས་ལ་བསམ་བློ་མ་བཏང་བར་དུག་བཏབ་སྟེ་ཨ་བྲ་གསོད་པའི་ལས་འགུལ་སྤེལ་བ་རེད།
༥ ཡིན་ནའང་ལས་འགུལ་དེར་ལྡོག་ཕྱོགས་ནས་ནོར་སྐྱོན་གཞན་ཞིག་བྱུང་བ་ནི་ཨ་བྲ་དག་གིས་དུག་ཟོས་ཏེ་ཤི་བ་དང་བསྟུན་ནས་ཨ་བྲའི་གཉེན་པོ་དག་གིས་བྲ་ཤ་ཟོས་ནས་དུག་ཕོག་ཏེ་ཤི་སོང་བ་དེ་རེད།
༦ ནམ་མཁའ་སྔོ་ཞིང་དྭངས་བའི་ཞོགས་པ་དེར་ང་ཚོས་སྦྲ་ནག་དང་དར་ལྕོག་གི་གྲུབ་གཟུགས་འོག་ནས་མཐོ ང་བ་ནི་གཞན་མ་ཡིན་ཏེ་ཨ་བྲའོ།
༧ འདི་ལྟར་འདས་པའི་ལོ་ངོ25རིང་ལ་ཨ་བྲ་དག་རིམ་བཞིན་འཕེལ་ནས་རྩྭ་ཐང་ལ་བརྒལ་ཏེ་གངས་རི་དང་རྫ་རི་དག་གིས་ཁུངས་གསེང་ལ་འཛུལ་ཏེ་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་ཚབ་ཆེན་བཟོས་པ་རེད།
༨ དེ་རིང་ང་ཚོ་སྟེ་འགྲོ་བ་མི་དག་གིས་སྤེལ་བའི་ལས་འགུལ་གྱི་མཇུག་འབྲས་ནི་གངས་རི་དག་རིམ་གྱིས་ཞི་ཞིང་སྤང་ལྗོངས་དག་བྱེ་ཐང་དུ་གྱུར་སོང་བ་དེ་རེད།
འགྲོ་བ་མི་ལགས། འགྱོད་པ་ནི་ལས་ཀྱི་ཐ་མའོ།
རྨ་ཆེན་གངས་རིའི་ཉེ་འདབ་ནས་གཉོམ་ལག་རྒྱས་པའི་ན་གཞོན་རི་མོ་བ་གངས་སེང་རྡོ་རྗེའམ་བསོད་ནམས་མགོན་ལགས་ཀྱིས་ཨ་བྲའི་བྱུང་འཕེལ་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་བ་རི་མོར་སྦྱར་ཏེ་བྲིས་ཤིང་། ལེགས་ལྡན་གྱི་གསལ་བཤད་རྩོམ་འབྲི་བྱས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།