༄༅།།ཁྲི་སྟོང་བགྲང་བྱའི་འདས་དོན་ལོ་རྒྱུས་ཁྲོད།
ཤར་ནུབ་མི་ཡི་རིགས་རྩལ་རྣམ་དཔྱོད་ལས།
བྱུང་བའི་འཛམ་གླིང་གནའ་དེང་རིག་པའི་ནོར།
འཇིག་རྟེན་རྒྱན་དུ་བལྟམས་པ་ཡིད་གར་འོང་།
དེ་ལས་ཡ་གླིང་ས་ཆེན་ཡངས་པའི་གཞིར།
ཐང་བོད་ཆོས་རིག་ལུགས་གཉིས་གཙུག་ལག་སྲོལ།
སྟོང་ལོ་ཟུང་གི་དུས་རབས་གསར་པའི་ཆར།
ས་སྒང་ཡོངས་ལ་ངོ་མཚར་དཔལ་དུ་འབར།
གསར་རྙིང་རིག་པའི་རྣམ་བཞག་མི་འགལ་སྣ་ཚོགས་དངོས་པའི་གནས་ལ་དཔྱོད།
དངོས་སེམས་ལྟ་བའི་བལྟོས་གྲུབ་མི་འགལ་ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ།
ཆོས་དང་སྲིད་ཀྱི་ལུགས་ཟུང་མི་འགལ་ཕན་དང་བདེ་བའི་ལམ་བཟང་སྟོན།
ཐམས་ཅད་མི་འགལ་བརྒྱན་དུ་ལེན་པ་དུས་རབས་གསར་པའི་འབོད་བསྐུལ་ལགས།
རིག་གནས་དར་སྤེལ་བརྗེ་ལེན་གྱི་མཛད་སྒོ་མཐའ་དག་ལེགས་ལམ་གོང་འཕེལ་ཡོང་བའི་སྨོན་འདུན་བཅས། བསྟན་འཛིན་ལུང་རྟོགས་ཉི་མས་ཉིས་སྟོང་ཉི་ཤུའི་འཛུམ་ཞལ་གསར་ཚེས་ལ་ཕུལ་བ་དགེ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།