སྔ་འགྱུར་རྫོགས་ཆེན་དགོན་གྱི་མཐོང་བརྒྱུད་ཕྱག་བཞེས་གསབ་སྦྱོང་།

གསང་ཆེན་སྔ་འགྱུར་བསྟན་པའི་གདན་ས་ཆེན་མོ་གྲུབ་དབང་རྫོགས་ཆེན་དགོན་དུ་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དང་བསྟན་བདག་ཁྲི་པ། རྒྱུན་ལས་བསྟན་བདག་ཚོགས་པའི་གཙོ་སྐྱོང་འོག  ལས་ཐོག་འགན་བཞེས་ཆོས་ཁྲིམས་དང་རྒན་རབས་སློབ་དཔོན་རྣམས་ཀྱི་ལྷག་བསམ་ཆེ་བཞེས་གནང་པའི་བཀའ་དྲིན་ལས་ལོ་ལྟར་བཀའ་གཏེར་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཇི་སྙེད་ཟིན་བྲིས་དང་། ཐིག་རྡུལ་ཚོན། བཅའ་ཕྱག་ལེན། འདོན་དབྱངས་རྡུང་འབུད། འཆམ་སྟངས་སྟབས་སོགས་ཉམས་པ་སླར་གསོ་ནས་མི་ཉམས་བརྒྱུད་འཛིན་དར་སྤེལ་དུ་གཏོང་བ།  ཕྱག་བཞེས་རྒྱུགས་སྤྲོད་དང་ཕུལ་བྱུང་ལ་བྱ་དགའ། གངས་ཅན་ཆོས་དང་རིག་ནོར་བུའི་ཚེ་སྲོག་ལ་དབུགས་འབྱིན་མཛད་པའི་ཕྱག་ལས་གནང་བཞིན་པའོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།