༢༠༡༩ ལོའི་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲའི་ལོ་མཇུག་རྒྱུགས་སྤྲོད་ཆེན་མོ།

༢༠༡༩ རབ་གནས་ས་ཕག་ལོའི་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲའི་ལོ་མཇུག་གི་རྒྱུགས་སྤྲོད་ཆེན་མོ།

WechatIMG16.jpeg

 བསྟན་པ་ཡོངས་རྫོགས་སྔ་འགྱུར་རྫོགས་ཆེན་པ།།

གངས་རིའི་རྒྱན་གཅིག་ཤྲཱི་སེང་ཆོས་གྲྭ་ཆེ༎

སྐུ་ཁྲག་དྲོན་མོའི་ཟུངས་ཀྱིས་གསོས་པ་ཡི༎

ཁྱད་འཕཊ་མཛད་པ་བསྐྱངས་ཁྱེད་རིང་བཞུགས་གསོལ། །

རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོས།

IMG_1694.JPG

དུས་ཀྱི་མཐའ་རུའང་གངས་ཅན་ཤར་ཕྱོགས་སུ། །

ཡོངས་རྫོགས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ། །

རྒྱ་ཆེན་ཐུགས་བསྐྱེད་རྨད་དུ་བྱུང་བ་ཡི། །

ལུང་རྟོགས་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །

640-2.jpeg

དྲི་རྒྱུགས། 

640-13.jpeg

མཁན་ཆེན་ཁྲི་བ་པདྨ་འཇམ་དབྱངས་མཆོག

640-14.jpeg

འཆད་རྒྱུགས་སྤྲད་པའི་ཡུལ་ངོས།

རྒྱུགས་ར་དང་པོ་མངོན་པ་འོག་མ་དང་རིགས་གཏེར་གཉིས་པ་རིག་གནས་གཉིས་པ་བཅས་ཀྱི་རྒྱུགས་ཞུགས་པ་དང་རྒྱུགས་ར་གཉིས་པ་རྣམ་འགྲེལ་འཛིན་གྲྭ་དང་མངོན་པ་གོང་མ་གཉིས་ཀྱི་རྒྱུགས་ཞུགས་པ། རྒྱུགས་ར་གསུམ་པ་དབུ་མ་གོང་འོག་དང་ཕར་ཕྱིན་གོང་མ་འདུལ་བ་འཛིན་གྲྭ་བཅས་ཀྱི་རྒྱུགས་ཞུགས་པ། རྒྱུགས་ར་བཞི་པ་ཕར་ཕྱིན་འོག་མ་རིགས་གཏེར་དང་པོ་བློ་རྟགས་དང་པོ་རིག་གནས་དང་པོ་བཅས་ཀྱི་རྒྱུགས་ཞུགས་པ་བཅས་སོ།།

རྩོད་རྒྱུགས། 

ཆོས་གྲྭའི་དབུ་མ་གོང་མའི་དམ་བཅའ་པ་རྣམས་ལ་མངོན་པ་གོང་མ་དང་དབུ་མ་འོག་མས་བརྒལ་རྟགས་མཛད་པ་དང་ཕར་ཕྱིན་འོག་མའི་དམ་བཅའ་པ་རྣམས་ལ་ཕར་ཕྱིན་གོང་མ་དང་མངོན་པ་འོག་མས་བརྒལ་རྟགས་མཛད་བཞིན་པའི་ཡུལ་ངོས།

WechatIMG11.jpeg

འཛིན་གྲྭ་སོ་སོའི་རྒྱུགས་འབྲས་ཕུལ་བྱུང་སློབ་མར་བྱ་དགའི་རིམ་པ་དང་ཀུན་སྤྱོད་ཕུལ་དུ་བྱུང་བའི་སློབ་མ་རྣམས་ལ་ལོ་མཇུག་གི་གཟེངས་རྟགས་གནང་བ།

640-3.jpeg

 སྙན་གྲགས་གདུགས་དཀར་གཅིག་གིས་ས་སྟེང་ཀུན། །

མངོན་མཐོར་བྱེད་པ་གྲུབ་དབང་རྫོགས་ཆེན་པ། །

ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་ཀྱི་རྡུལ། །

ས་གསུམ་ཀུན་དགར་བྱེད་པས་ཤིས་གྱུར་ཅིག །

འཇམ་མགོན་མི་ཕམ་པས། 

WechatIMG2095.jpeg

དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །

མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །

ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །

ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གིས།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།