བཀྲིས་གཡང་ཆགས།
ཚིག་དབྱངས། དམངས་ཁྲོད།
ལེན་མཁན། ཟོན་ཐར་སྐྱིད།
སྒྲ་ཕབ། སྟོང་རི་ལྷ་མཚོ།
མངའ་རིས་སྒྲ་སྙན།རིན་ཆེན་དོན་གྲུབ།
མན་ངྷོ་ལི། ཚེ་རིང་རྣམ་རྒྱལ།
གངས་རི་བསྐོར་ནས་ཡོང་ཡོད། བསྭོ་ སྒྲོལ་དཀར་ལ།
གངས་ཆུ་འཐུངས་ནས་ཡོང་ཡོད། པདྨ་མེ་ཏོག་གོ་ལོ།
པདྨ་མེ་ཏོག་བཀྲ་ལ་ཤིས་པ་གོ་ལོ།
བཀྲིས་གཡང་ཆགས་གོ་ལོ།
རྫ་རི་བསྐོར་ནས་ཡོང་ཡོད། བསྭོ་སྒྲོལ་དཀར་ལ།
རྩི་ཏོག་བཏུས་ནས་ཡོང་ཡོད། པདྨ་མེ་ཏོག་གོ་ལོ།
པདྨ་མེ་ཏོག་བཀྲ་ལ་ཤིས་པ་གོ་ལོ།
བཀྲིས་གཡང་ཆགས་གོ་ལོ།
ལྷ་ས་བསྐོར་ནས་ཡོང་ཡོད། བསྭོ་ སྒྲོལ་དཀར་ལ།
ཇོ་བོར་མཇལ་ནས་ཡོང་ཡོད། པདྨ་མེ་ཏོག་གོ་ལོ།
པདྨ་མེ་ཏོག་བཀྲ་ལ་ཤིས་པ་གོ་ལོ།
བཀྲིས་གཡང་ཆགས་གོ་ལོ།