ཁ་བའི་ཅོང་སྒྲ།
ཚིག ལྡོང་ཡོན་ཏན་རྒྱ་མཚོ།
དབྱངས། ཨ་མཆོག་སྙིང་དཀར། ལེན་མཁན་། བསང་སྐལ་བྷེ།
ཁྱོད་ཀྱི་ཡབ་ཆེན་སྤྲེའུ་བུ་བྱང་སེམས་ཡིན།།
ཁྱོད་ཀྱི་ཡུམ་ཆེན་བྲག་རིའི་སྲས་མོ་ཡིན།།
ཁྱོད་ཀྱི་རུས་ལ་སྒ་འབྲུ་སྤྲ་ལྡོང་ཡོད།།
རང་གི་རིགས་རུས་ཤེས་དགོས་གདོང་དམར་བོད།།
ཁྱོད་ཀྱི་རྗེ་བོ་སྲོང་བཙན་སྒམ་པོ་ཡིན།།
ཁྱོད་ཀྱི་སློབ་དཔོན་བློན་ཆེན་ཐོན་མི་ཡིན།།
ཁྱོད་ལ་དབྱངས་གསལ་སོ་བཞིའི་ཡི་གེ་ཡོད།།
རང་གི་སྐད་ཡིག་ཤེས་དགོས་གངས་ཅན་བོད།།
ཁྱོད་ཀྱི་སྟོད་ཕྱོགས་མངའ་རིས་སྐོར་གསུམ་ཡིན།།
ཁྱོད་ཀྱི་བར་ཕྱོགས་དབུས་གཙང་རུ་བཞི་ཡིན།།
ཁྱོད་ལ་སྨད་ཀྱི་མདོ་ཁམས་སྒང་དྲུག་ཡོད།།
རང་གི་མི་རིགས་མ་བརྗེད་སྒང་བ་བོད།།
ཁྱོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན།།
ཁྱོད་ཀྱི་ཆོས་སྐལ་མ་ཎི་ཡིག་དྲུག་ཡིན།།
ཁྱོད་ལ་མདོ་སྔགས་ཟུང་འབྲེལ་ཆོས་ཤིག་ཡོད།།
རང་གི་གཟུངས་གཞུག་མ་འབོར་ཆོས་ལྡན་བོད།།
རྨི་ལམ་ནང་གི་སྒྲོལ་མ།
ལེན་མཁན། བསང་སྐལ་བྷེ།