སྒྲ་སྙན་བཀྲ་ཤིས་ཆར་བས་ལོ་གསར་བསུ།

WechatIMG1261.jpeg

spacer.gif


བཀྲ་ཤིས་ཆར་བ།


ཚིག་དང་དབྱངས།  པདྨ།


ལེན་མཁན། བདུད་བྷེ་དང་བཀྲ་ཤིས་སྒྲོལ་མ།


བཀྲ་ཤིས་ཤོག  བཀྲ་ཤིས་ཤོག 

དག་གཙང་གངས་ཀྱི་རི་ནས་འོད་དཀར་འཚེར།

ལྷུང་ལྷུང་གཙང་ཆུ་རིང་མོ་རྟག་ཏུ་འབབ།

ཆུ་འཛིན་ལང་ལོང་རབ་དཀར་ཁ་བཏགས་མཚུངས།

གངས་ལྗོངས་ཡུལ་ལ་བཀྲ་ཤིས་དགེ་མཚན་རྒྱས།



བཀྲ་ཤིས་ཤོག    བཀྲ་ཤིས་ཤོག  

མཐོ་སྒང་སྨན་གྱི་ལྗོངས་ལ་དཔྱིད་དཔལ་བཞད།

ཡར་འབྲོག་གཡུ་མཚོའི་ཁ་ནས་གསེར་ཉ་རྩེ།

ཧི་མ་ལ་ཡའི་རི་ལ་གངས་སེང་འགྱིང་།

གངས་ལྗོངས་ཡུལ་ལ་རྟེན་འབྲེལ་བཟང་བོ་འགྲིག། 



བཀྲ་ཤིས་ཤོག   བཀྲ་ཤིས་ཤོག 

ཤར་ཕྱོགས་དགུང་སྔོན་མཐའ་ནས་གཡུ་འབྲུག་གྲགས།

ས་ལའི་ལྗོངས་ལ་བཀྲ་ཤིས་ཆར་བ་འབེབས།

འཛམ་གླིང་ཉི་ཟླ་སྐར་གསུམ་མགྲོན་ལ་ཕེབས།

གངས་ལྗོངས་ཡུལ་ལ་བདེ་སྐྱིད་འོད་དཔལ་འབར།